བོད་རང་བཙན་འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་འགྲོ་བཞིན་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་༤༣འཁོར་བའི་དུས་ཆེན་སྐབས་བོད་རང་བཙན་འཐབ་རྩོད་ཀྱི་ནུས་པ་ཉམས་མེད་བར་ཇེ་ཆེར་འགྲོ་བཞིན་པ་ཚོགས་གཙོས་མཛད་སྒོའི་ཐོག་བཤད་འདུག

2012.10.09

ཚེ་དབང་རིག་འཛིན།

ཚེས་ ༧་ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་བཞུགས་སྒར་དུ་དབུས་བརྙེས་ནས་ལོ་ངོ་ ༤༣་ འཁོར་བ་ཡིན་པ་དང་། ཉིན་མོ་དེར་བཞུགས་སྒར་དང་། ས་གནས་ཁག་མང་པོར་དུས་ཆེན་སྲུང་བརྩི་གནང་ཡོད། བཞུགས་སྒར་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ རམ་སུ་ལྦ་རིས་གཙོས་པའི་འབྲེལ་ཡོད་ཀྱི་སྐུ་མགྲོན་དང་། དབུས་རྒྱུན་ལས་ཀྱི་ཚོགས་མི་རྣམས་དང་།  གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ཁག་གི་སྐུ་ཚབ་དང་། ས་གནས་ཀྱི་མི་མང་འདུ་འཛོམས་ཀྱི་ཐོག་ཚོགས་བཅར་བ་རྣམས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་ རང་སྲོག་བློས་བཏང་གནང་མཁན་རྣམས་ཀྱི་ཆེད་དུ་མྱ་ངན་གུས་འདུད་ཞུས་འདུག

སྐབས་དེར་བོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་བརྗོད་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་ལོ་ངོ་ ༤༣་ འདས་ཟིན་ན་ཡང་གཞོན་ནུའི་སྒྲིག་འཛུགས་ཀྱི་ཐོག་མའི་དམིགས་ཡུལ་ལ་འགྱུར་བ་སྤུ་ཙམ་མེད་པར་བོད་རང་བཙན་སླར་གསོའི་འཐབ་རྩོད་གཞི་རྩར་བཟུང་སྟེ་སྤྱི་ཚོགས་ཞབས་ཞུ་དང་། མང་གཙོའི་འཕེལ་རིམ། བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་གོང་འཕེལ་སྲ་བརྟན། བོད་དོན་ལས་འགུལ་ཤུགས་ཆེ་སྤེལ་ནས་བོད་རང་བཙན་གྱི་འཐབ་རྩོད་ནུས་བ་ཉམས་མེད་པར་ཤུགས་ཇེ་ཆེར་འགྲོ་བཞིན་པ་དེ་བོད་གངས་ཅན་པ་ཡོངས་ཀྱི་སྤོབས་པ་དང་སྟོབས་ཤུགས་ཡིན་པ་བརྗོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎