རྒྱ་ནག་གིས་བོད་མི་ཚོར་ལོ་གསར་ཆེད་རོགས་དངུལ།

བོད་ནང་གི་བོད་མི་མང་ཆེ་བས་ད་ལོར་ལོ་གསར་སྤྲོ་སྐྱིད་ལ་རོལ་རྒྱུ་མིན་པའི་ཐག་བཅད་ཟིན་ཡང་རྒྱ་ནག་གཞུང་གིས་བོད་མི་ཚོར་ལོ་སར་གཏོང་ཆེད་དཔལ་འབྱོར་གྱི་རོགས་དངུལ་སྤྲོད་ཀྱི་ཡོད་འདུག

དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། དེ་སྔ་ནས་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་གཙོས་མཚོ་ལྷོ་ཁུལ་གྱི་ས་གནས་སོཌ་སུ་བོད་མི་ཚོས་ད་ལོའི་ལོ་སར་སྤྲོ་སྐྱིད་ལ་རོལ་རྒྱུ་མིན་པ་མ་གྲོས་སེམས་པ་གཅིག་མཐུན་བྱེད་བཞིན་པ་དང་། མང་པོས་ཐག་གཅོད་ཟིན་པ་སྤྱི་ཚོགས་ཁྲོད་གླེང་མོལ་ཡོང་གི་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་མི་ཚོར་ལོ་སར་སྐབས་སྤྲོ་སྐྱིད་ལ་ངེས་པར་དུ་རོལ་དགོས་བ་དང་། གཞུང་གི་རོགས་པ་ཡོད་ཚུལ་བཤད་ནས་བོད་མི་ཚོར་སྒོར་མོ་སྤྲོད་པ་སོགས་ཐབས་ཤེས་འདྲ་མིན་བྱེད་བཞིན་པ་བོད་ནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་བཤད་འདུག ད་དུང་ཁོས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་ཀྱི་ས་ཁུལ་གང་དང་གང་དུ་བོད་མི་ཚོས་ལོ་གསར་ཆེད་དགའ་སྟོན་ལ་རོལ་གྱི་ཡོད་མེད་བརྟག་དཔྱད་ཡང་བྱེད་བཞིན་ཡོད་པ་བརྗོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org