དགེ་འདུན་པ་གཉིས་ལ་ཁྲིམས་ཆད་དང་བདུན་འཛིན་བཟུང་།

རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཉེ་ལམ་འཛིན་བཟུང་བྱས་བའི་ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་གཉིས་ལ་མི་ལོ་གཉིས་རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

འདི་གའི་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཟླ་དྲུག་པའི་ཚེས་ ༣༠་ཉིན་རྫ་སྟོད་གྲོང་ཚོ་ནང་བོད་རིགས་ན་གཞོན་ངག་དབང་ནོར་འཕེལ་དང་། བསྟན་འཛིན་ནོར་འཕེལ་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ནང་སྐུ་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་ས་གནས་མི་མང་གི་ངོ་རྒོལ་གྱི་གནས་ཚུལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་ཐོག་ཉེ་བའི་ཕྱི་ཟླ་དགུ་པའི་ཚེས་ ༡་ ཉིན་ཟིལ་དཀར་དགོན་པའི་དགེ་འདུན་པ་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཡོད་པ་དང་། ཁོང་རྣམས་ཀྱི་ཁོངས་ནས་གཅིག་གློད་བཀྲོལ་དུ་བཏང་ནས་བཞི་མུ་མཐུད་ནས་བཀག་གཉེར་བྱས་ཡོད་པ་རེད་། དེ་ལྟར་ཉེ་སྔོན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་བསོད་ནམས་ཤེས་རབ་དང་། བསོད་ནམ་དབྱིང་གཉེན་གཉིས་ལ་ལོ་གཉིས་ཀྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་སྐོར་ནང་མིར་བརྡ་སྤྲོད་བྱས་ཡོད་འདུག དེ་བཞིན་མུ་མཐུད་ཟླ་བཅུ་པའི་ཚེས་ ༡་ ཟིལ་དཀར་དགོན་པའི་དགེ་འདུན་པ་བསྟན་འཛིན་ཤེས་རབ་དང་། ཕྱི་ཟླ་བཅུ་པའི་ཚེས་ ༡༠་ ཉིན་དགེ་འདུན་པ་བདུན་བཅས་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཡོད་པ་རེད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org