ཁོ་མོར་རྒྱ་ནག་གིས་མ་ཉེས་ཁ་གཡོག་བྱས་སོང་ཟེར།
2012.10.15
དེ་ཡང་Xinna ཞེས་སོག་པོའི་བེུད་དེས་ཨེ་པི་གསར་ལས་ཁང་ལ་བཤད་པ་ལྟར་ན། ཁོ་མོའི་བཟའ་ཟླ་Hada རྒྱ་ནག་གཞུང་གིས་མེས་རྒྱལ་ཁ་བྲལ་དུ་གཏོང་ཐབས་བྱས་པ་དང་། གསང་ཉུལ་བྱས་པའི་ཉེས་མིང་འོག་མི་ལོ་༡༧གྱི་བཙོན་བཅུག་བྱས་ནས་ད་ཆ་ཁོང་རང་བཙོན་ཁང་ནང་རླུང་དང་ སེམས་ནད་དྲག་པོས་མནར་ནས་ཛ་དྲག་ངང་གནས་ཡོད་པ་དང་། ཁོང་གློད་འགྲོལ་ཡོང་ཐབས་སུ་རྒྱལ་སྤྱིའི་མི་མང་ནས་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་འདུག
ཡང་ Xinna ཞུ་བའི་སོག་པོའི་བེུད་དེར་ཟླ་བ་གཅིག་ནང་རང་གི་བཟའ་ཟླ་ ཐེངས་རེ་ཐུག་འཕྲད་བྱེད་ཆོག་གི་ཡོད་པ་དང་། ཟླ་བ་སྔོན་མ་བཙོན་ཁང་ནང་ཐུག་འཕྲད་བྱེད་སྐབས་ཁོ་མོའི་བཟའ་ཟླ་Hada ལགས་ཕར་ཚུར་འགྲོ་ཐུབ་ཀྱི་མེད་པ་དང་། སྨན་པས་ཁོ་པ་སེམས་ཐང་ཐང་མེད་པའི་སྨན་ཁང་དུ་བསྐྱལ་དགོས་པའི་སློབ་སྟོན་གནང་ཡང་སྨན་ཁང་དུ་བཏང་གི་མེད་ལུགས་འགྲེལ་བརྗོད་བྱས་བཞག། རང་ལོ་༥༧ལ་སོན་པ་Xinnaཞུ་བའི་སོག་པོའི་བེུད་དེ་དང་། ཁོ་མོའི་བུ་རང་ལོ་༢༨་ལ་སོན་པ་Weilesi ཟེར་བ་གཉིས་ལ་ ཕྱི་ལོ་༢༠༡༠་ལོའི་ཕྱི་ཟླ་༡༢པའི་ནང་ རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་འོད་སྡེར་བཙོང་བ་དང་། ཉལ་ཐ་དང་འབྲེལ་བའི་ནག་ཉེས་རྫུན་བཟོ་བྱས་ནས་མ་བུ་གཉིས་ལོ་གཉིས་ཙམ་བཙོན་བཅུག་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༤ནང་ཁོ་མོ་གློད་འགྲོལ་ཐོབ་ཡོད་ཀྱང་ ད་དུང་གཞུང་གི་བལྟ་ཞིབ་ནན་པོའི་འོག་བཟང་བཙོན་ལྟ་བུར་གནས་དགོས་ཆགས་ཡོད་འདུག་། རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་བལྟ་བ་མི་མཐུན་པའི་བཙོན་པ་ཚོའི་ནང་མིར་ རྒྱ་ནག་གཞུང་གིས་ཡང་སེ་མནར་གཅོད་དང་། བསུན་པོ་བཟོ་གི་ཡོད་པ་རེད།