ཞི་ཅིན་ཕུན་ལ་འགོ་ཁྲིད་ནང་ཁུལ་གྱི་གནོན་ཤུགས་ཡོད་ངེས།
མ་འོངས་མི་རིང་བར་རྒྱ་ནག་གི་སྲིད་འཛིན་གྱི་ལས་འགན་ལེན་རྒྱུར་སྒུག་སྡོད་བྱེད་བཞིན་པའི་ཞི་ཅིན་ཕུན་ལ་རྒྱ་ནག་ནང་ཁུལ་གྱི་འགོ་ཁྲིད་ཚོའི་གནོན་ཤུགས་འདྲ་མིན་ཡོད་ངེས་བ་རེད་འདུག
-
2012-09-19 -
-
-
དེ་ཡང་ཉེ་བའི་གཟའ་འཁོར་གཉིས་ཙམ་གྱི་རིང་ཞི་ཅིན་ཕུན་དམངས་ཁྲོད་དུ་མཐོང་རྒྱུ་མེད་པར་གྱུར་བའི་གནས་སྟངས་དེས་མ་འོངས་རྒྱ་ནག་གི་འགོ་ཁྲིད་ལ་ཕལ་ཆེར་གཏན་འཁེལ་བའི་ཞི་ཅིན་ཕུན་ལ་རྒྱ་ནག་གི་དཔོན་རིགས་རྒན་གྲས་ཚོར་བློ་འཚབ་ཡོད་པའི་སྣང་ཚུལ་དང་། ལྷག་དོན་རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་ཨུ་ཡོིན་ལྷན་ཁང་གི་གནད་ཡོད་དཔོན་རིགས་ཚོའི་ཚོགས་འདུའི་སར།
པའོ་ཞེ་ལེ་ཡི་དོན་རྐྱེན་དང་། ཁོང་གི་བཟའ་ཟླས་དབྱིན་ཇིའི་ཚོང་པ་ཞིག་བསད་པའི་དོན་རྐྱེན་དེ་ཚོ་ཐག་གཅོད་ཡོང་རྒྱུའི་གྲོས་བསྡུར་བྱས་ཀྱང་དེའི་ཐད་ནུས་པ་ཐོན་པའི་ཐག་གཅོད་བྱུང་མེད་པ་རེད།
དེ་བཞིན་ད་ལྟའི་སྲིད་འཛིན་ཧུ་ཅིན་ཐའོ་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་ནག་གུང་ཁྲན་ཏང་གི་དབང་ཆ་མཐོ་གྲས་ཡིན་པ་ཆའོ་ཧྲི་དང་། སུང་ཕྷིང་གཉིས་ཀས་ཞི་ཅིན་ཕུན་གྱི་ཐག་གཅོད་བྱེད་སྟངས་ལ་ཧོད་རྒྱུགས་ཀྱི་སྣང་ཚུལ་ཡོད་ལུགས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་སོགས་དེང་སྐབས་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་༡༨་གོང་དེར་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་བར་འགལ་རྐྱེན་ཡོད་ཐོག་སྲིད་འཛིན་འོས་མི་ཞི་ཅིན་ཕུན་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་རེད་འདུག