བོད་མི་ཆབ་སྲིད་བཙོན་ཟུར་བས་མནར་གཅོད་མྱངས་ཚུལ།
2011.05.09
༄༅༎བོད་ཀྱི་ཆབ་སྲིད་བཙོན་ཟུར་ཀླུ་མཁར་བྱམས་ལགས་ཀྱི་དཔུང་པ་གཡས་པ་དེ་གཡོན་མ་ལས་མཐོ་བ་ཡོད་པ་དང་ལག་ཚིགས་ལ་འབར་འབུར་པ་དེ་དག་དེ་སྔ་ཁོང་རྒྱ་མིའི་བཙོན་ཁང་ནང་་ལོ་ལྔའི་རིང་མནར་གཅོད་ཚབས་ཆེ་བཏང་བའི་རྐྱེན་གྱིས་བཙོན་ནས་གློད་བཀྲོལ་ཐོབ་སྟེ་ལོ་༡༤་ཕྱིན་པའི་རྗེས་སུ་ཡང་ན་ཟུག་གཏོང་གི་ཡོད་སྐོར་ཁ་ས་རྒྱ་གར་གྱི་ཉིན་རེའི་གསར་ཤོག་རྒྱ་གར་གྱི་དུས་བབ་ཀྱིས་གནས་ཚུལ་སྤེལ་འདུག ཕྱི་ལོ་༡༩༩༢་ལོའི་ཕྱི་ཟླ་གཉིས་པའི་ནང་ཀླུ་མཁར་བྱམས་ལཌ་བོད་ཀྱི་རྒྱལ་ས་ལྷ་ས་ནས་དིང་རིའི་ཕྱོཌ་སུ་འགྲུལ་བསྐྱོད་གནང་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་བཙོན་འཇུག་བྱས་པ་དང་སྐབས་དེར་ཁོང་དགུང་གྲངས་༢༤་ཕེབས་འདུག་ རྒྱ་ནག་གཞུང་གིས་ཁོང་བཙོན་འཇུག་བྱེད་དོན་ནི་ཁོང་དང་ཁོང་གི་གྲོཌ་པོ་ལྔ་ཡིས་རྒྱ་ནག་གཞུང་གིས་བོད་ཐོག་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་གནང་རྒྱུའི་སླད་དུ་མདོ་ཁམས་གཞོན་ནུ་ཤི་ཐུབ་ཞེས་པའི་ཚོཌ་པ་ཞིག་གསར་འཛུཌ་གནང་བ་དང་ ཁོང་འཛིན་བཟུང་བྱེད་སྐབས་ཚོཌ་པ་དེ་བཙུཌ་ནས་ཟླ་བ་༦་ལས་ཕྱིན་མེད་པ་རེད་ ད་ཆ་དགུང་གྲངས་༤༣་ལ་ཕེབས་པའི་ཀླུ་མཁར་བྱམས་ལཌ་ནི་བཞུཌ་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོཌ་པ་དགུ་བཅུ་གསུམ་ལས་འགུལ་ཚོཌ་པའི་ཚོཌ་གཞོན་ཀྱི་ལས་ཕྱག་གནང་མུས་ཡིན་པ་རེད་ ཕྱི་ལོ་༡༩༩༨་ལོར་ཀླུ་མཁར་བྱམས་ལཌ་བོད་ནས་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་ཐུབ་པའི་རྗེས་སུ་གོང་ཞུས་ཚོཌ་པའི་ནང་མཉམ་བཞུཌ་གནང་ཡང་ དེ་སྔོན་ཁོང་ཨ་མདོའི་ནང་ཡོད་པའི་རྒྱ་མིའི་བཀག་ཉར་ཁང་དང་བཙོན་ཁང་ཁག་ནང་སྡུག་སྦྱོང་མནར་གཅོད་བཏང་དོན་རྨ་གསར་པ་བཞིན་དུ་དྲན་གསལ་པོ་གསོ་ཡི་ཡོད་པ་དང་ཁོང་བཙོན་འཇུག་བྱ་སའི་རྒྱ་མིའི་བཙོན་ཁང་དེ་ནི་ཕུང་པོ་བླུག་སའི་རོ་སྒམ་ལྟ་བུ་ཡིན་པ་དང་ཁོང་ལ་ལོ་༡༨་རིང་བཙོན་འཇུག་ཁྲིམས་ཐག་བཅད་སྐོར་གསུངས་འདུག་ རྒྱ་མིའི་བཙོན་ཁང་ནང་གི་བཙོན་པ་ཚོར་ཉིན་ལྟར་ཉེས་རྡུང་ཚབས་ཆེ་བཏང་བ་དང་གདུག་རྩུབ་ཆེན་པོའི་སྒོ་ནས་འདྲི་རྩད་བྱེད་ཀྱི་ཡོད་པ་ གཉིད་ཁུག་མ་བཅུཌ་པར་འདྲི་རྩད་བྱེད་ཀྱི་ཡོད་པ་དང་བཙོན་ཁང་ནང་ཁོང་གི་ལག་པ་གཉིས་རྒྱབ་ལ་བསྡམས་པའི་རྐྱེན་གྱིས་དཔུང་པ་གཡས་གཡོན་གཉིས་མཐོ་དམན་གཅིག་མཚུངས་མེད་པ་དེ་སྐབས་ནས་བྱུང་བ་དང་གང་ལྟར་རྒྱ་མིས་སྡུག་སྦྱོང་མནར་གཅོད་ཚོད་མེད་བཏང་བའི་རྐྱེན་གྱིས་ཁོང་གི་གཟུཌ་པའི་ལྗི་ཚད་ཀི་ལོ་གྲ་རམ་༣༠་བར་མར་ཆཌ་པ་དང་བཙོན་འཇུག་བྱས་ཏེ་ལོ་༥་ཕྱིན་པའི་རྗེས་སུ་སྨན་བཅོས་ཀྱི་མིང་ཐོག་ནས་བཙོན་བཀྲོལ་ཐོབ་སྐོར་གསུངས་འདུག དེ་ནས་ཕྱི་ལོ་༡༩༩༨་ལོར་བལ་ཡུལ་བརྒྱུད་རྒྱ་གར་ནང་བྲོལ་བྱོལ་ཕེབས་པ་དང་རྒྱ་གར་གྱི་རང་བཙན་འཐབ་རྩོད་གནང་མཁན་སུ་སྦཤ་ཅན་རྡ་ར་སྦོ་སེ་དང་སེམས་དཔའ་ཆེན་པོ་གྷན་དེའི་སོཌ་ནས་ཀླུ་མཁར་བྱམས་་ལཌ་ལ་སེམས་འགུལ་ཐེབས་པ་དང་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་མང་པོ་ཞིག་ཕྱི་རྒྱལ་ཁག་ནང་སློབ་སྦྱོང་གནང་སྟེ་རང་གི་ཕ་ཡུལ་ཆེད་འཐབ་རྩོད་གནང་ཡོད་སྟབས་ ཁོང་གིས་ཀྱང་དེ་ལྟར་གནང་ཐུབ་པའི་ཐུཌ་རེ་གནང་གི་ཡོད་ལུཌ་གསུངས་འདུག༎།