ཁ་ཆེའི་ཆོས་དཔེ་མེར་བསྲེགས་ལ་བརྟེན་ངོ་རྒོལ་ཐོན་པའི་སྐོར།

ཨ་མེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཞིག་གིས་ཁ་ཆེའི་ཆོས་དཔེ་མེར་བསྲེཌ་བཏང་བ་དེའི་སྐོར་ཨཕ་ག་ནིསྟན་ནང་ངོ་རྒོལ་རྔམ་སྟོན་མུ་མཐུད་བྱེད་པ།

༄༅༎བདུན་ཕྲག་སྔོན་མའི་ནང་ཨ་མེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཞིག་གིས་ཁ་ཆེའི་ཆོས་དཔེ་(Quran)མེར་བསྲེཌ་བཏང་བ་དེའི་སྐོར་ཨཕ་ག་ནིསྟན་ནང་མི་མང་གིས་ད་རིང་ངོ་རྒོལ་རྔམ་སྟོན་མུ་མཐུད་བྱེད་སྐབས་སྣུམ་འཁོར་དང་ཚོང་ཁང་གཏོར་བཅོམ་བྱས་པའི་ནང་ཞི་བའི་མི་གྲངས་༥་རྐྱེན་ལམ་དུ་ཕྱིན་འདུག དེ་རིང་སྔ་དྲོ་ཨཕ་ག་ནིསྟན་གྱི་ཀན་ད་ཧར་གྲོང་ཁྱེར་ནང་མི་མང་གིས་ངོ་རྒོལ་རྔམ་བསྟོན་སྐབས་སུ་སྣུམ་འཁོར་མེར་བསྲེཌ་དང་ཚོང་ཁང་ཁག་ལ་གནོད་སྐྱོན་གཏོང་ཐབས་བྱེད་དུས་ས་གནས་ཉེན་རྟོགས་མི་སྣས་ཉེན་བརྡའི་ཚུལ་དུ་གནམ་ལ་མེ་མདའ་འཕེན་སྐོར་མངའ་སྡེའི་སྲིད་སྐྱོང་གི་མགྲིན་ཚབ་ཛའེ་མལ་ཨ་ཡུ་སྦིས་བརྗོད་འདུག ཡང་ཁོང་གིས་འོན་ཀྱང་ཞི་བའི་མི་གྲངས་༥་པོ་དེ་དག་འཆི་སྐྱོན་ཕྱིན་པའི་རྐྱེན་རྩ་ཇི་ཡིན་ཤེས་རྟོག་མེད་ལུཌ་མུ་མཐུད་ནས་བརྗོད་འདུག གྲོང་ཁྱེར་ཀན་ད་ཧར་གྱི་མེར་ལྦ་ཨིསི་སྨན་ནང་གི་སྨན་པ་ཨའ་སམ་ཞུ་བས་གོང་ཞུས་ངོ་རྒོལ་རྔམ་སྟོན་དེའི་ནང་མི་གྲངས་༥༣་ཙམ་ལ་རྨས་སྐྱོན་ཕོག་པ་དང་གྲོང་ཁྱེར་དེའི་ནང་གི་ཚོང་ཁང་དང་ཟ་ཁང་ཡོངས་རྫོཌ་སྒོ་བརྒྱབ་པ་མ་ཟད་ གྲོང་ཁྱེར་ནང་བསྐྱོད་ཡུལ་ལམ་བུ་ཁག་ཀྱང་ས་གནས་ཉེན་རྟོགས་མི་སྣས་བཀག་འགོག་བྱས་ཡོད་ལུཌ་གསུངས་འདུག ཨེ་པི་གསར་ལས་ཁང་གི་པར་པ་ལྟར་ན་དེ་རིང་གྲོང་ཁྱེར་ཀན་ད་ཧར་ནང་ངོ་རྒོལ་རྔམ་སྟོན་བྱེད་མཁན་མི་གྲངས་སྟོང་ཕྲག་འགའ་ཤས་ཡོད་པ་དང་ཁོང་ཚོས་ཁོང་གི་པར་ཆས་བཅག་པ་མ་ཟད་ གསར་འགོད་པ་གཞན་ཚོར་ཡང་མི་འདོད་པའི་རྣམ་པ་ཤུཌ་ཆེ་བཏོན་སྐོར་གསུངས་འདུག ཨ་མེ་རི་ཀའི་ལྷོ་ཕྱོཌ་མངའ་སྡེ་ཕོལོ་རི་ཌའི་ནང་གི་ཡེ་ཤུའི་ལྷ་ཁང་ཆུང་ཆུང་ཞིག་གི་ཆོས་དཔོན་ཀྲེ་རི་ཇོན་སི་ཡིས་སྔ་ལོ་ཁེ་ཆེའི་ཆོས་དཔེ་མེར་བསྲེཌ་གཏོང་རྒྱུའི་སྡིག་ར་སྐུལ་ན་ཡང་རྗེས་སུ་ཕྱིན་འཐེར་བྱས་ཡོད་པ་རེད། ཟླ་བ་སྔོན་མའི་ཚེས་༢༠་ཉིན་Quranམེར་བསྲེཌ་དངོས་སུ་བཏང་བར་ཁ་ས་ཨཕ་ག་ནིསྟན་གྱི་བྱང་ཕྱོཌ་ས་ཁུལ་མ་ཛ་རི་ཤ་རིཕ་ནང་མི་མང་གིས་ངོ་རྒོལ་ཤུཌ་ཆེ་བྱས་ཏེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཌ་ཀྱི་ལས་ཁུངས་ཀྱི་སྒོ་རེའི་ནང་མི་མང་མང་པོ་ཤོར་ནས་ཕྱི་རྒྱལ་མི་རིགས་བདུན་རྐྱེན་ལམ་དུ་བཏང་འདུག་ལ་ གནས་ཚུལ་དེ་བྱུང་བའི་ཆུ་ཚོད་༢༤་རྗེས་སུ་བེུད་ཀྱི་ཆས་གོས་སྤྲད་པའི་རང་སྲོག་བློས་གཏོང་བ་གཉིས་ཀྱིས་རྒྱལ་ས་ཀ་འབུལ་ཉེ་འཁྲིས་སུ་ཡོད་པའི་བྱང་ཨེཏ་ལེན་ཀྲིག་སྤྱི་ཆིང་སྒྲིག་འཛུཌ་ཀྱི་རྟེན་གཞིའི་ནང་འཛུལ་ཐབས་བྱེད་སྐབས་འབར་རྫས་གས་ཐོར་བྱུང་ནས་རྐྱེན་ལམ་དུ་ཕྱིན་པ་དང་མི་གཞན་ཞིག་ལ་མེ་མདའ་ཕོག་ནས་འཆི་སྐྱོན་བྱུང་ཡོད་པའི་གནས་ཚུལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org