རྒྱལ་སྤྱིའི་ཁེ་གཉེར་ལས་ཁང་ཚོས་རྒྱ་ནག་ལ་རོགས་རམ་གནང་བ།

རྒྱལ་སྤྱིའི་ཁེ་གཉེར་ལས་ཁང་ཁག་གིས་རོགས་རམ་གནང་བ་དེས་ཁེ་གཉེར་ལས་ཁང་དེ་དག་ལ་རྒྱ་རིགས་རྣམས་ཀྱིས་སྡང་ཟུག་བྱས་པའི་གནས་ཚུལ་དེ་གཡོལ་ཐུབ་པ་བྱུང་བ།

༄༅༎རྒྱ་ནག་ནང་ཡོད་པའི་རྒྱལ་སྤྱིའི་ཁེ་གཉེར་ལས་ཁང་ཁག་གིས་ས་ཡོམ་གྱི་གོད་ཆགས་ཕོག་པ་རྣམས་ལ་རོགས་རམ་གནང་བ་དེས་ཉེ་ལམ་ཁེ་གཉེར་ལས་ཁང་དེ་དག་ལ་རྒྱ་རིགས་རྣམས་ཀྱིས་སྡང་ཟུག་བྱས་པའི་གནས་ཚུལ་དེ་གཡོལ་ཐུབ་པ་བྱུང་ཡོད་པ་རེད་

རྒྱ་ནག་ནང་ཡོད་པའི་རྒྱལ་སྤྱིའི་ཁེ་གཉེར་ལས་ཁང་ཁག་གི་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གོད་ཆགས་ཕོག་པ་རྣམས་ལ་དངུལ་དངོས་ཀྱི་རོགས་རམ་གང་ཡང་གནང་ཡོད་ཅིང་ དཔེར་ན་ སི་ཊི་ཞེས་པའི་ཁེ་གཉེར་ལས་ཁང་དེས་ས་ཡོམ་གྱོ་གོད་ཆགས་ཕོག་པ་རྣམས་ལ་དངུལ་རྒྱ་ནག་མི་མང་ཤོག་སྒོར་ས་ཡ་ ༥ དང་ཕིརེན་སིའི་སུཛི་ཞེས་པའི་ཁེ་གཉེར་ལས་ཁང་དེས་རྒྱ་ནག་མི་མང་ཤོག་སྒོར་ས་ཡ་ ༡ དང་གྲངས་ཆུང་ ༦། ཕཱའེ་ཛར་ཞེས་པ་དེས་སྨན་དང་ཤོག་དངུལ་མ་གནས་རྒྱ་ནག་མི་མང་ཤོག་སྒོར་ས་ཡ་ ༡༠ བར་གནང་རྒྱུ་ཁས་ལེན་གནང་ཡོད་པ་རེད་ ཉེ་ལམ་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་སྐབས་སྡང་ཟུག་དང་སྐྱོན་བརྗོད་ཤུགས་ཆེ་ཕོག་པའི་ཕཱརེན་སིའི་ཁེ་གཉེར་ལས་ཁང་ཁཱེརེ་ཕྷོར་ཞེས་པས་ས་ཡོམ་བྱུང་བའི་ཉིན་དེར་རྒྱ་ནག་མི་མང་ཤོག་སྒོར་ས་ཡ་ ༢ ཞལ་འདེབས་དང་དེ་རྗེས་དངུལ་དངོས་ཤོག་སྒོར་ས་ཡ་ ༡ དང་གྲངས་ཆུང་ ༢༢ མ་གནས་གནང་རྒྱུའི་ཁས་ལེན་གནང་ཡོད་པར་རེད་ དེ་བཞིན་རྒྱལ་སྤྱིའི་ཁེ་གཉེར་ལས་ཁང་ཁག་གིས་རྒྱ་ནག་གི་གསར་ཤོག་ནང་གདུང་སེམས་མཉམ་བསྐྱེད་ཡོད་པའི་བརྗོད་ཚིག་དང་དངུལ་དངོས་ཀྱི་རོགས་རམ་གནང་གི་ཡོད་པའི་གསལ་བསྒྲགས་རྒྱ་ཆེ་གནང་ཡོད་པ་རེད་ ཡིན་ནའང་རྒྱ་རིགས་ཁག་ཅིག་གིས་རྒྱལ་སྤྱིའི་ཁེ་གཉེར་ལས་ཁང་ཁག་གི་རོགས་རམ་དེ་དག་ཁ་ཞེ་གཉིས་མེད་ཅིག་ཡིན་པར་ཡིད་ཆེས་གནང་གི་མེད་པ་མ་ཟད་རོགས་རམ་དེ་ཁེ་གཉེར་ལས་ཁང་ཁག་གིས་རྒྱ་ནག་ནང་ད་དུང་ཁེ་སད་མང་བ་བཟོ་རྒྱུའི་ཆེད་དམིགས་པ་ཞིག་ཡིན་སྐོར་བརྗོད་མཁན་ཡང་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org