སྐུ་ཞབས་རི་ཆརཌ་གྷི་ཡར་དང་ཇར་མན་སྲིད་བློན་གཉིས་མཇལ་འཕྲད།
ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཆརཌ་གྷི་ཡར་ནས་ཇར་མན་གྱི་སྲིད་བློན་མཆོག་དང་མཇལ་འཕྲད་གནང་འདུག
-
2017-02-09 -
-
-
ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཆརཌ་གྷི་ཡར་ནས་ཇར་མན་གྱི་སྲིད་བློན་མཆོག་དང་མཇལ་འཕྲད་གནང་འདུག
དེ་ཡང་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན། འདི་ཚེས་༩་ཉིན། ཇར་མན་གྱི་སྲིད་བློན་ལྕམ་ཨན་ཁེ་ལ་མར་ཀེལ་མཆོག་གིས་སྲིད་བློན་ལས་ཁུངས་ནང་སྐུ་ཞབས་རི་ཆརཌ་གྷི་ཡར་དང་མཇལ་འཕྲད་གནང་ཡོད་འདུག་ལ། མཇལ་འཕྲད་ཀྱི་བརྗོད་གཞི་གཙོ་བོ་ནི་ཉིན་ཤས་སྔོན་ཇར་མན་གྱི་སྲིད་བློན་ལས་ཁུངས་ནས་གསལ་བསྒྲགས་གནང་པ་ལྟར་བོད་དོན་སྐོར་ཡིན་འདུག
སྐུ་ཞབས་རི་ཆརཌ་གྷི་ཡར་ཇར་མན་གྱི་རྒྱལ་ས་སྦར་ལིན་གྱི་གློག་བརྙན་དུས་སྟོན་ཞིག་གི་ཐོག་ཁོང་གི་གློག་བརྙན་གསར་པ་(The Dinner)ཞེས་པ་དེ་གསར་སྟོན་བྱེད་ཀྱི་ཡོད་པ་དེའི་ཐོག་ཕེབས་པ་ཞིག་ཡིན་འདུག
ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་རི་ཆརཌ་གྷིཡར་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སློབ་མ་ཞིག་ཡིན་ལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཡང་ཡིན་པ་རེད།
ཇར་མན་གྱི་སྲིད་བློན་དང་མཇལ་འཕྲད་སྐབས་བོད་དོན་གཙོ་བོ་བཀའ་བསྡུར་གནང་པའི་ཞོར་དུ་ཨ་རིའི་སྲིད་འཛིན་སྐོར་ལ་ཡང་བཀའ་བསྡུར་གནང་ཡོད་སྲིད་པ་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལྡན་བློ་གྲོས།