ཡུལ་གྲུ་སོ་ལོ་ལྦ་ཀི་ཡ་ནང་རྒྱ་ནག་སྲིད་འཛིན་ལ་ངོ་རྒོལ།

རྒྱ་ནག་གི་སྲིད་འཛིན་སོ་ལོ་ལྦ་ཀི་ཡ་ནང་ཕེབས་པའི་སྐབས་མི་ཁག་ཅིག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

2009.06.19

༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་དེ་སྔོན་ཨུ་རུ་སུའི་མངའ་ཁོངས་ཡིན་པའི་སོ་ལོ་ལྦ་ཀི་ཡ་ནང་རྒྱལ་དོན་འཚམས་གཟིགས་གནང་བའི་རིང་མི་ཁག་ཅིག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་སོ་ལོ་ལྦ་ཀི་ཡ་ཉེན་རྟོག་པས་ངོ་རྒོལ་བ་མི་གྲངས་དགུ་འཛིན་བཟུང་དོ་དམ་བྱས་ཡོད་པའི་སྐོར་ས་གནས་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་འདུག

འཛིན་བཟུང་བྱས་པའི་མི་གྲངས་དགུ་པོ་དེ་དག་ནང་ཡུལ་དེའི་མི་སེར་མི་གྲངས་དྲུག་དང་རྒྱ་མིའི་མི་སེར་མི་གྲངས་གསུམ་ཡོད་པ་ཉེན་རྟོག་པས་འགྲེལ་བརྗོད་བྱས་ཡོད་པ་རེད།

སོ་ལོ་ལྦ་ཀི་ཡ་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ཕ་ལུན་ཀུང་ཆོས་འཁོར་སྒོམ་གྲུབ་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་མཉམ་འབྲེལ་ཐོག་ནས་སོ་ལོ་ལྦ་ཀི་ཡ་གཞུང་གི་ཆེས་མཐོའི་དཔོན་རིགས་རྣམ་པ་ཚོས་རྒྱ་ནག་གི་སྲིད་འཛིན་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གི་གདན་དོན་ཐོག་བཀའ་མོལ་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་དང་འབྲེལ་རྒྱ་ནག་གི་སྲིད་འཛིན་ཡུལ་དེའི་ནང་ཕེབས་པའི་སྐབས་ངོ་རྒོལ་རྔམ་སྟོན་བྱེད་རྒྱུའི་འཆར་གཞི་ཡོད་ཀྱང་གྲོང་ཁྱེར་སྲིད་གཞུང་གིས་ངོ་རྒལ་བྱེད་སའི་ས་ཁོངས་དེ་བཞིན་སྲིད་འཛིན་གཞུང་ལས་ཁང་གིས་བེད་སྤྱོད་བྱ་རྒྱུར་སྔོན་ཚུད་ནས་མངགས་ཟིན་པ་བརྗོད་ནས་ངོ་རྒོལ་རྔམ་སྟོན་ལས་འགུལ་སྤེལ་རྒྱུར་གཞུང་འབྲེལ་གྱི་ཁས་ལེན་བྱས་མེད་པ་རེད། རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་གཟའ་ཕུར་བུའི་ཉིན་ར་ཤི་ཡའི་རྒྱལ་ས་མོ་སི་ཀོའི་ནས་སོ་ལོ་ལྦ་ཀི་ཡ་ནང་དུས་ཡུན་ཉིན་གྲངས་གཉིས་རིང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཡོད་པ་དང་དེ་ནི་སྲིད་འཛིན་ཧུའུ་ཇིང་ཐའོ་ཡུལ་དེའི་ནང་ཕེབས་པ་ཐོག་མ་དེ་ཡིན་ཞིང་ཁོང་ཡུལ་དེའི་ནང་ཕེབས་པའི་སྐབས་ཕ་ལུང་ཀུང་ཆོས་འཁོར་སྒོམ་གྲུབ་ཚོགས་མི་ཁག་ཅིག་གིས་ངོ་རྒོལ་གྱི་ཕྲེད་དར་སོགས་འཁྱེར་ནས་ངོ་རྒོལ་བྱས་ཡོད་པ་དང་དེའི་རིང་རྒྱ་ནག་གཞུང་ཕྱོགས་ཀྱི་དགའ་བསུ་ཞུ་མཁན་ཚོ་དང་གདོང་ཐུག་བྱུང་བའི་གནས་ཚུལ་ཐོན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎