འབར་མའི་ལྕམ་སུའུ་ཀི་ལ་དྲ་རྒྱ་བེད་སྤྱོད་ཀྱི་མཐུན་རྐྱེན་ཐོབ།

འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཀི་ལ་ད་ཆ་གཞི་ནས་དྲ་རྒྱ་བེད་སྤྱོད་གཏོང་རྒྱུའི་མཐུན་རྐྱེན་སྤྲད་ཡོད་པའི་སྐོར།

༄༅༎འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཀི་ལ་ད་ཆ་གཞི་ནས་འབར་མ་དྲག་པོའི་གཞུང་གིས་ཕྱི་རྒྱལ་ཁབ་ནང་འབྲེལ་གཏུགས་བྱེད་ཆོག་པའི་དྲ་རྒྱ་བེད་སྤྱོད་གཏོང་རྒྱུའི་མཐུན་རྐྱེན་སྤྲད་ཡོད་པའི་སྐོར་ཁོང་གི་ཕྱག་རོགས་ཤིག་གིས་གསར་འགོད་པར་གསུང་ཡོད་པ་རེད།

དེ་ཡང་འབར་མ་དྲག་པོའི་གཞུང་གིས་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཀི་མི་ལོ་མང་པོའི་རིང་ཁྱིམ་ཚང་ནས་འགྲོ་འོང་གི་རང་དབང་མ་སྤྲད་པར་ དམ་བསྒྲགས་བྱས་ཏེ་གྲོགས་མེད་ཁྱེར་རྐྱང་དུ་གནས་པའི་རྗེས་ཉེ་ཆར་དམ་བསྒྲགས་འོག་ནས་གློད་འགྲོལ་ཐོབ་ཀྱང་ཟླ་བ་གཉིས་རིང་ལ་མུ་མཐུད་དྲ་རྒྱ་སོགས་ཕྱི་ཕྱོགས་སུ་འབྲེལ་ལམ་བྱེད་ཡུལ་གྱི་ཆ་རྐྱེན་རྣམས་བཀག་འགོག་བྱས་ཡོད་པ་རེད། དེ་རིང་ལྕམ་སུའུ་ཀི་ཡིའི་སྲུང་སྐྱོབ་འགོ་ཁྲིད་ལྦིན་ཀྲེན་གྱིས་ཕེ་རན་སི་གསར་འགོད་པར། འབར་མའི་རྒྱལ་ས་ཡང་གོན་གྱི་ལྕམ་སུའུ་ཀི་ཡི་བཞུགས་གནས་སུ་དྲ་རྒྱ་བེད་སྤྱོད་གཏོང་རྒྱུའི་མཐུན་རྐྱེན་སྤྲད་པ་དེ་ནི་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་རང་དབང་གི་ཐོག་ནས་འབྲེལ་གཏུགས་བྱེད་ཐུབ་རྒྱུ་ཡིན་པར་སོང་ཁོང་ཧ་ཅང་གི་དགའ་ཚོར་ཆེན་པོ་གནང་གི་འདུག  འོན་ཀྱང་ད་ལྟ་ཁོང་གི་སྐུ་གཟུགས་བདེ་མིན་གྱིས་དྲ་རྒྱ་བེད་སྤྱོད་གཏོང་ཐུབ་རྒྱུ་མིན་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།

ལྕམ་ཨོང་སན་སུའུ་ཀི་ནི་དྲག་པོའི་གཞུང་གིས་མི་ལོ་བདུན་རིང་མུ་མཐུད་ནས་ཁྱིམ་ཚང་ནས་འགྲོ་བསྐྱོད་བཀག་འགོག་བྱས་ཏེ་དོ་དམ་བྱས་པ་མ་ཟད། ༢༠༡༠ལོའི་ཕྱི་ཟླ་༡༡བར་ཁྱིམ་ཚང་དུ་ཁ་པར་དང་དྲ་རྒྱ་སོགས་འབྲེལ་གཏུགས་བྱེད་པའི་ཆ་རྐྱེན་ཡོངས་རྫོགས་མེད་པར་བཀག་སྡོམས་བྱས་ཡོད་ཅིང༌། ཉེ་ཆར་ཁོང་བཟང་བཙོན་ནས་གློད་འགྲོལ་ཐོབ་མ་ཐག་ཁོང་སྒེར་གྱི་ཨི་མེལ་Emailབདེ་སྤྱོད་གཏོང་རྒྱུའི་ཆེད་དུ་ཁོང་གི་མཚན་ཐོག་ནས་དྲ་རྒྱ་བེད་སྤྱོད་གཏོང་ཆོག་པའི་གཞུང་འབྲེལ་གྱི་སྙན་ཞུ་ཕུལ་ཡོད་ཀྱང་ཁོང་གི་རེ་འདུན་དེ་དྲག་པོའི་གཞུང་གིས་གཉེར་བཞིན་པའི་ཚོང་ལས་ཁང་ལ་རྩིས་སྤྲོད་བྱས་ཡོད་པ་ནི། འབར་མའི་དྲག་པོའི་གཞུང་གིས་ཕྱི་ལོ་༡༩༦༢ནས་བཟུང་མི་ལོ་༦༠ཙམ་དབང་བསྒྱུར་བྱས་ཏེ། མི་སེར་རྣམས་ཁྱིམ་ཚང་ནས་དྲ་རྒྱ་བེད་སྤྱོད་བྱེད་པར་ངེས་པར་དུ་དྲག་པོའི་གཞུང་གི་བཀའ་འཁྲོལ་ཐོབ་དགོས་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org