ཨང་སན་སུའུ་ཆི་མཆོག་གིས་གྱེན་ལོག་ཤོག་ཁག་དང་མཇལ་འཕྲད།

འབར་མའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཀྱིས་ཀ་རེན་གྲངས་ཉུང་མི་རིགས་གྱེན་ལོག་ཤོག་ཁག་མཇལ་འཕྲད་གནང་ཡོད་པའི་གནས་ཚུལ།

༄༅༎འབར་མའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཨངྒ་སན་སུའུ་ཆི་མཆོག་གིས་བྱང་ཕྱོགས་ཀ་རེན་གྲངས་ཉུང་མི་རིགས་གྱེན་ལོག་ཤོག་ཁག་མཇལ་འཕྲད་གནང་ཡོད་པའི་གནས་ཚུལ་ཐོན་འདུག༎
རེས་གཟའ་ཉི་མའི་ཉིན་ཕྱོགས་འགལ་དམངས་གཙོ་གནའ་འབྲེལ་ཚོགས་པའི་དབུ་ཁྲིད་ ཨངྒ་སན་སུའུ་ཆི་མཆོག་གིས་གྲོང་ཁྱེར་ཡངྒོན་(Yangdon) དུ་ཀ་རེན་རྒྱལ་ཡོངས་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོ་ཆུ་ཚོད་གཉིས་རིང་གྲོས་མོལ་གནང་ཡོད་པ་དེ་ནི་ཕྱི་ཟླ་བཞི་པའི་ཚེ་གཅིག་ཉིན་བར་བརྒལ་གྱི་འོས་བསྡུའི་ནང་ཕྱོགས་འགལ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་པའི་རྗེས་ལས་དོན་ཐོག་མ་ཆགས་ཡོད་འདུག།  ཕྱོགས་འགལ་ཚོགས་པའི་དམིགས་ཡུལ་ནི་ ཆིག་སྒྲིལ་གྱི་དམངས་གཙོ་དོན་དང་ལྡན་པ་ཞིག་ཡོང་བར་གྲངས་ཉུང་མི་རིགས་ཚང་མ་ངེས་པར་ལུ་མཉམ་ཤུགས་བྱེད་དགོ་ཀྱི་རེད་ཅེས་ཨངྒ་སུ་ཅི་ཡིས་གསུངས་གནང་འདུག། ཀ་རན་རྒྱལ་ཚོགས་མཐུན་གྱི་འགོ་ཁྲིད་ཚོས་ཨངྒ་སན་སུ་ཆི་མཇལ་འཕྲད་མ་གནང་གོང་རྒྱལ་ས་ནེ་པི་རྡའོ་ནང་འབར་མའི་སྲིད་འཛིན་ ཐའེན་ སེའིན་ ཟུར་མཇལ་གནང་ཡོད་འདུག། ཕྱི་ལོ་༡༩༤༩ལོར་བཙུགས་པའི་ ཀ་རན་མི་རིགས་ཀྱི་གྱེན་ལོག་ནི་ད་བར་འཐབ་རྩོད་ཀྱི་ལས་འགུལ་རིང་ཤོས་ཤིག་ཡིན་པ་དང་ ལས་འགུལ་དེ་བཞིན་ཐའེ་ལེནྜི་ནང་ཡུལ་གཉིས་ཀྱི་ས་མཚམས་སུ་རྟེན་གཞི་བྱེད་མུས་ཡིན་པ་རེད། འོན་ཀྱང་འདི་ལོ་འགོ་སྟོད་དུ་གྱེན་ལོག་ཤོག་ཁག་གིས་གཞུང་དང་གསར་བརྗེའི་འགྲིག་འཇགས་ཀྱི་ཆིང་དོན་དོན་ཚན་བཅུ་གསུམ་བྱས་པ་ཞིག་སྣོན་འཇོག་གིས་འཐབ་རྩོད་མཇུག་སྒྲིལ་གྱི་རེ་བ་བྱེད་བཞིན་པ་རེད། འབར་མའི་ནང་གྲངས་ཉུང་མི་རིགས་༡༣༥ལྷག་ཡོད་པ་མང་ཆེ་བས་ཨངྒ་སན་སུ་ཆིར་དགའ་མོས་བྱེད་ཀྱི་ཡོད་ཀྱང་ཁོང་གྲངས་མང་མི་རིགས་ཤིག་ཡིན་པའི་ཆ་ནས་རྣམ་རྟོག་བྱེད་མཁན་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org