ཨང་སན་སུ་ཅི་ཨ་རིའི་ནང་ཕེབས་འཆར་ཡོད་པ།

འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་རིང་མིན་ཨ་རིའི་ནང་ཕེབས་འཆར་ཡོད་པ།

༄༅༎འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་རིང་མིན་ཨ་རིའི་ནང་ཕེབས་འཆར་ཡོད་པའི་སྐོར་ཚོགས་པའི་མགྲིན་ཚབ་པས་འགྲེལ་བརྗོད་བྱས་འདུག  
ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལེ་རི་ཁལིན་ཀྲོན་ཁ་སྔོན་འབར་མའི་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པའི་སྐབས་ལྕམ་ཨང་སནང་སུ་ཅི་དང་མཇལ་འཕྲད་གནང་ནས་ལྕམ་ཨང་སནང་སུ་ཅི་ཨ་རི་ནང་ཕེབས་རྒྱུའི་གདན་ཞུ་གནང་བ་བཞིན།ད་རེས་ཕྱི་ཟླ་དགུ་པའི་ཚེས་༡༦ནས་ལྕམ་ཨང་སན་སུ་ཅི་ཨ་རིའི་ནང་ཕེབས་འཆར་ཡོད་པ་འབར་མའི་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་Nyan Win གྱིས་འགྲེལ་བརྗོད་བྱས་འདུག ་ འབར་མའི་དམངས་གཙོ་ཚོགས་པའི་མགྲིན་ཚབ་པས་ལྕམ་ཨང་སན་སུ་ཅི་ཨ་རིའི་ནང་ཕེབས་ཀྱི་ཡོད་པ་ཙམ་ལས་དེ་མིན་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མིན་འདུག སྤྱི་ལོ་༢༠༠༨ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་དེ་བཞིན་ལྕམ་ཨང་སན་སུ་ཅིར་ཕུལ་ཡོད་ཀྱང་།  དེའི་སྐབས་ཁོང་འབར་མའི་དྲག་པོའི་གཞུང་གིས་བཟང་བཙོན་དུ་བཅུག་མུས་ཡིན་སྟབས་གཟེངས་རྟགས་དངོས་སུ་འབུལ་བཞེས་ཐུབ་མེད་པར་བརྟེན་   ད་རེས་ལྕམ་ཨང་སན་སུ་ཅི་ཨ་རིའི་ནང་ཕེབས་པའི་སྐབས་  ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་གནང་རྒྱུ་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org