མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མུ་མཐུད་གནང་འདོད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུག་ཆེ་སྦན་ཀི་མུན་མུ་མཐུད་ཕྱག་ལས་གནང་འདོད་ཡོད་པའི་གསལ་བསྒྲགས་གནང༌།
-
2011-06-05 -
-
-
༄༅༎འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུག་ཆེ་སྦན་ཀི་མུན་མཆོག་གིས་ཁོང་རྒྱལ་ཚོགས་ཀྱི་དྲུང་ཆེ་མུ་མཐུད་དུས་ཡུན་གཉིས་པ་གནང་རྒྱུའི་ཐུགས་འདོད་ཡོད་པ་གསལ་བསྒྲགས་གནང་རྒྱུ་ཡིན་སྐོར་ཕྱི་འབྲེལ་དཔོན་རིགས་ཚོས་གསུངས་བཞག།
སྦན་ཀི་མུན་མཆོག་གི་ལས་དུས་ད་ལོ་ཕྱི་ཟླ་༡༢པའི་ཚེས་༣༡ཉིན་གཙང་འགྲོ་གི་ཡོད་པ་ལྟར། ད་ལྟའི་ཆར་ཁོང་ལ་འགྲན་བསྡུར་ཞུ་མཁན་གྱི་འོས་མི་གཞན་སུའང་མེད་པའི་མཐོག་། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་རྒྱལ་ཁབ་ལྔས་ནང་ནས་སུས་ཀྱང་ཁོང་ལ་འགག་པ་གནང་གི་མེད་དུས་། སྦན་ཀི་མུན་ལ་བསྐྱར་དུ་ལོ་ལྔའི་རིང་དྲུང་ཆེ་ཐེངས་གཉིས་པ་གནང་རྒྱུའི་གོ་སྐབས་ཐོབ་པའི་རེ་བ་ཆེན་པོ་ཡོག་རེད།
རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་གི་ཕྱི་འབྲེལ་སྐུ་ཚབ་ཅིག་གིས་གསུངས་ན། ཁོང་ལ་གོ་སྐབས་དེ་ཐོབ་རྒྱུའི་རེ་བ་བརྒྱ་ཆ་བརྒྱ་ཡོད་རེད་ཅེས་གསུངས་བཞག།
སྦན་ཀི་མུན་ཐོག་མར་༢༠༠༧ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེར་བསྐོ་བཞག་བྱུང་བའི་རྗེས་། ཕྱི་འབྲེལ་དཔོན་རིགས་ཁག་ཅིག་གིས་ཁོང་གི་ཨིན་ཇིའི་གསུང་སྐད་སྒྲ་དག་པོ་མེད་པའི་སྐྱོན་བརྗོད་ཞུས་ཡོད་པ་རེད།
ཁོང་གིས་སྐབས་རེ་ཕྱི་འབྲེལ་སྲིད་བྱུས་ནང་ཁུ་སིམ་པོར་སྡོད་དགོས་ཡག་དེ་གལ་ཆེན་པོ་ཡིན་པར་ངོས་འཛིན་གནང་གི་ཡོད་ནའང༌། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་གཙོ་བོར་བྱས་པའི་རྒྱལ་ཁབ་ཆེ་ཁག་མང་པོ་ཞིག་གི་ནང་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་བཏང་གི་ཡོད་པར་སྦན་ཀི་མུན་མཆོག་གིས་སྐྱོན་བརྗོད་གནང་གི་མེད་པའི་བློ་འཕམ་གསལ་བཏོན་གནང་ཡོད་པ་རེད། འོན་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཁོང་གིས་ཨའེ་ལྦ་རི་ཀོསིཏ་ནང་གི་དཀའ་རྙོག་སེལ་ཐབས་དང༌། དཀྱིལ་ཤར་ཡུལ་གྲུ་དང་བྱང་ཨཕ་རི་ཀ་ནང་ད་ལོ་མང་ཚོགས་ཀྱི་གྱེན་ལངས་གཞི་རྒྱ་ཆེན་པོ་བྱེད་སྐབས་ངོ་རྒོལ་བྱེད་མཁན་མང་ཚོགས་ལ་སྲུང་སྐྱོབ་ཡག་པོ་གནང་ཡོད་པའི་བསྔགས་བརྗོད་ཞུ་བཞིན་ཡོད་པ་རེད།།