ཨ་རིའི་སྲིད་འཛིན་ནས་འཛམ་གླིང་དབུ་ཁྲིད་ཚོར་འབོད་སྐུལ།
ཨ་མི་རི་ཀའི་སྲིད་འཛིན་ནས་འཛམ་གླིང་གི་དཔལ་འབྱོར་བསྐྱར་གསོའི་ལས་དོན་ལ་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག
-
2010-11-11 -
-
-
༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་བྭ་མྭ་མཆོག་གིས་འཛམ་གླིང་གི་དབུ་ཁྲིད་ཚོས་མི་མཐུན་པའི་གནད་དོན་རྣམས་དོར་ནས་འཛམ་གླིང་གི་དཔལ་འབྱོར་བསྐྱར་གསོའི་ལས་དོན་ལ་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག
ལྷོ་ཀི་རི་ཡའི་ནང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་གྱི་སྔ་ནུབ་ཏུ་ཨ་རིའི་སྲིད་འཛིན་གྱིས་གསུང་བཤད་འགྲེམས་སྤེལ་གནང་བའི་ནང་ ཨ་མི་རི་ཀས་མང་ཚོགས་་ལས་ཀ་འཚོལ་རྒྱུ་དང་འཛམ་གླིང་ནང་དཔལ་འབྱོར་ཆ་སྙོམས་མེད་པའི་དཀལ་ངལ་སེལ་རྒྱུར་འགན་ཁུར་བཞེས་རྒྱུའི་ཁས་ལེན་གནང་འདུག
འོན་ཀྱང་ཨ་མི་རི་ཀ་ཁོ་ནས་དཔལ་འབྱོར་ཉམས་རྒུད་ཕྱིན་པ་བསྐྱར་གསོ་གནང་ཐུབ་ཀྱི་མ་རེད། རྒྱལ་ཁབ་ཚང་མས་ཁུར་མཉམ་ལེན་བྱས་པ་ཡིན་ན་ ཚང་མར་ཕན་ཐོགས་ཡོང་གི་རེད་ཅེས་གསུངས་གནང་འདུག། ཨ་རིའི་སྲིད་འཛིན་གྱི་གསུང་བཤད་འདིའི་ཐོག་ནས་ཐེངས་འདིའི་ཚོགས་ཆེན་ཐོག་ཨ་མི་རི་ཀ་དང་རྒྱ་ནག་དབར་དངུལ་གྱི་འཛའ་ཐང་གི་རྩོད་རྙོག་མི་ཡོང་བའི་རེ་བ་ཡོད་ལུགས་གནས་ཚུལ་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག། རྒྱ་ནག་གིས་ལོ་མང་རིང་རྒྱ་ནག་གི་ཤོག་དངུལ་ཧུའན་གྱི་འཛའ་ཐང་ལ་དུས་བསྟུན་འགྱུར་བ་མ་བཏང་བ་དེས་ཨ་རིའི་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོར་གྱོང་གུན་ཆེན་པོ་ཡོད་ལུགས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་པ་རེད། དེའི་དབར་ལ་ཨ་མི་རི་ཀས་དཔལ་འབྱོར་ཉམས་རྒུད་བསྐྱར་གསོའི་ཆེད་ཌོ་ལར་ཐེར་འབུམ་དྲུག་བརྒྱ་ཐམ་པ་བསྐྱར་དུ་གཏོང་རྒྱུའི་ཐག་གཅོད་བྱས་པ་དེས་འཕྲལ་ཕུག་གཉིས་ལ་ཕན་གྱི་ཡོད་མེད་ཀྱང་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད་འདུག༎