འབྲུག་རྒྱལ་གསར་པའི་ཁྲི་སྟོན་མཛད་སྒོ་གནང་ཡོད་པ་རེད།
རྒྱལ་པོ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་རྒྱལ་སྲས་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གསེར་ཁྲིར་མངའ་གསོལ་ཞུས་པ།
-
2008-11-06 -
-
-
༄༅༎དེ་རིང་རེས་གཟའ་ཕུར་བུའི་ཉིན་འབྲུག་ཡུལ་གྱི་རྒྱལ་པོ་གསར་པ་གསེར་ཁྲིར་མངའ་གསོལ་ཞུས་བཞག དེ་ཡང་རྒྱལ་ས་ཐིམ་བུའི་ནང་དགུང་གྲངས་ལྔ་བུ་ང་གཉིས་ལ་ཕེབས་པའི་རྒྱལ་པོ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་རྒྱལ་སྲས་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་འབྲུག་རྒྱལ་པོའི་མཚན་གནས་ཕུལ་བཞག སྙན་གྲགས་ཅན་གྱི་དབྱིན་ཇིའི་ཨོག་སི་ཕོདྲི་གཙུག་ལག་སློབ་གྲྭ་ནས་སློབ་ཐོན་བྱུང་བའི་རྒྱལ་པོ་གསར་པ་གེ་སེར་རྣམ་རྒྱལ་དབར་ཕྱུག་མཆོག་ལ་ལོ་གཉིས་ཙམ་གོང་འབྲུག་གི་རྒྱལ་སྲིད་ཕུལ་ཡོད་ཀྱང་གཟའ་དཀར་ལེགས་འཛོམས་ཀྱི་ཆ་ནས་དེ་རིང་དངོས་སུ་གསེར་ཁྲིར་མངའ་གསོལ་ཞུས་པ་ཞིག་ཡིན་པ་རེད། གསེར་ཁྲི་མངའ་གསོལ་གྱི་ཉིན་མོར་འབྲུག་རྒྱལ་ཡོངས་ནས་མི་མང་སྟོང་ཕྲག་མང་པོ་རྒྱལ་ས་ཐིམ་བུའི་ནང་འཛོམས་ནས་དགའ་སྐྱིད་སྤྲོ་གསུམ་གནང་ཡོད་པ་དང་ཉིན་གསུམ་གྱི་མཛད་སྒོའི་དེ་བཞིན་རྒྱལ་ས་ཐིམ་བུའི་ནང་ཟབ་རྒྱས་ངང་ཞུ་བཞིན་ཡིན་འདུག གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་དེའི་ཐོག་འབྲུག་གི་ནང་པའི་དབུ་ཁྲིད་རྗེ་མཁན་པོ་མཆོག་དང་གནད་ཡོད་མི་སྣ་མང་དག་ཅིག་ཕེབས་ཡོད་འདུག དགུང་གྲངས་ཉི་ཤུ་རྩ་བརྒྱད་ལ་ཕེབས་པའི་སྲས་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ནི་འཛམ་གླིང་ནང་ནས་རྒྱལ་པོ་སྐུ་ན་ཕྲ་ཤོས་དེ་ཆགས་ཡོད་པ་རེད།