རྒྱ་གར་སྦི་ཇི་པི་ཚོགས་པའི་འོས་དམིགས་གན་རྡི་ལ་སྐྱོན་བརྗོད།

རྒྱ་གར་དབུས་འོས་བསྡུ་ལས་ཁང་གིས་ཉེ་སྔོན་ལྦ་རུན་གན་རྡི་ཡིས་རྒྱ་གར་གྱི་ཁ་ཆེ་བའི་ཐོག་གཏམ་བཤད་གནང་སྟངས་དེར་སྐྱོན་བརྗོད་གནང་འདུག

༄༅༎རྒྱ་གར་དབུས་འོས་བསྡུ་ལས་ཁང་གིས་ཉེ་སྔོན་ལྦ་རུན་གན་རྡི་ཡིས་རྒྱ་གར་གྱི་ཁ་ཆེ་བའི་ཐོག་གཏམ་བཤད་གནང་སྟངས་དེར་སྐྱོན་བརྗོད་གནང་ཡོད་པ་རེད།

རྒྱ་གར་དབུས་འོས་བསྡུ་ལས་ཁང་གིས་ལྦ་རུན་གན་རྡི་རྒྱ་གར་གྱི་སྦི་ཇེ་པི་ཚོགས་པའི་གྲོས་ཚོགས་འཐུས་མིའི་འོས་དམིགས་ནས་ཕྱིར་འཐེན་གནང་དགོས་སྐོར་གསུངས་ཡོད་པ་རེད།

གྲོས་ཚོགས་འཐུས་མིའི་འོས་དམིགས་ལྦ་རུན་གན་རྡི་ཡིས་འོས་བསྡུའི་ལས་འགུལ་ཞིག་གི་ཐོག་སྦི་ཇེ་པི་ཚོགས་པས་རྒྱ་གར་གྱི་ཁ་ཆེ་བ་རྣམས་ཀྱི་མགོ་བོ་གཅོད་དགོས་ཞེས་པའི་གཏམ་བཤད་དེར་རྒྱ་གར་གྱི་དབུས་འོས་བསྡུ་ལས་ཁང་གིས་སྐྱོན་བརྗོད་དང་གཏམ་བཤད་དེ་འདྲ་བཤད་མ་ཆོག་པ་ཞིག་ཡིན་པའི་སྐོར་བརྗོད་ཡོད་པ་རེད། ཡིན་ནའ་ང་སྦི་ཇེ་པི་ཚོགས་པས་དབུས་འོས་བསྡུ་ལས་ཁང་གིས་གང་བརྗོད་མིན་ལ་མ་ལྟོས་པར་ལྦ་རུན་གན་རྡི་ཚོགས་པའི་འོས་དམིགས་ནས་ཕྱིར་འཐེན་གནང་རྒྱུ་མིན་སྐོར་གསུངས་འདུག སྦི་ཇེ་པི་ཚོགས་པའི་མགྲིན་ཚབ་པ་སྦལ་སྦིར་པུནཇ་ཡིས་ང་ཚོས་དབུས་འོས་བསྡུ་ལས་ཁང་གི་ཐག་གཅོད་དེར་ངོས་ལེན་བྱེད་ཀྱི་མིན། དབུས་འོས་བསྡུ་ལས་ཁང་ལ་སློབ་སྟོན་དེ་ལྟར་གནང་དགོས་པའི་དབང་ཆ་ཡོད་པ་མ་རེད་ཅེས་གསུངས་འདུག རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་ཁྲིམས་ཁང་ཞིག་གིས་ཐག་གཅོད་གནང་བའི་ནང་ལྦ་རུན་གན་རྡི་འཕྲལ་དུ་འཛིན་བཟུང་བྱེད་མ་ཆོག་པའི་འགན་ཁག་ཁྲིམས་ཡིག་ཅིག་སྤྲད་ཡོད་པ་རེད། ཁོང་རྒྱ་གར་གྱི་སྲིད་བློན་འདས་པོ་ལྕམ་ཨིན་རྡི་ར་གན་རྡི་མཆོག་གི་ཚ་བོ་ཡིན་པ་དང་ཁོང་ནེ་རུའུ་ཁྱིམ་ཚང་ནས་ཡ་གྱལ་དུ་སོང་བའི་ཁྱིམ་ཚང་ཞིག་གི་ནང་མི་ཆགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org