དབྱིན་ཇིའི་དམག་ཞབས་སུ་ཡོད་པའི་གོར་ཁའི་དམག་མིའི་སྐོར།

དབྱིན་ཇིའི་དམག་ཞབས་སུ་ཡོད་པའི་བལ་པོའི་གོར་ཁའི་དམག་མི་ཚོ་དབྱིན་ཡུལ་ནང་གཏན་སྡོད་ཀྱི་ཐོབ་ཐང་སྤྲོད་རྒྱུའི་སྲིད་ཇུས་གཏན་འབེབས་བྱ་རྒྱུ།

༄༅༎དབྱིན་ཇིའི་དམག་ཞབས་ཁོངས་སུ་ཡོད་པའི་བལ་པོའི་གོར་ཁའི་དམག་མི་ཚོ་དབྱིན་ཡུལ་ནང་གཏན་སྡོད་ཀྱི་ཐོབ་ཐང་སྤྲོད་རྒྱུའི་སྲིད་ཇུས་གཏན་འབེབས་བྱ་རྒྱུ་ཡིན་པའི་སྐོར་དབྱིན་ཇི་གཞུང་གིས་གཟའ་ཕུར་བུའི་ཉིན་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་རེད།

རྡ་ཀྲའེམ་ཞེས་པའི་དབྱིན་ཇིའི་གསར་ཤོག་གིས་གནས་ཚུལ་སྤེལ་བར་གཞིགས་ན་དབྱིན་ཇི་གཞུང་གིས་བལ་ཡུལ་གྱི་གོར་ཁའི་དམག་མི་༡༩༩༧ལོའི་གོང་དབྱིན་ཇིའི་དམག་ཁོངས་སུ་ཞབས་ཞུར་སླེབས་པ་མི་གྲངས་ཁྲི་གསུམ་དང་དྲུག་སྟོང་ཡོད་པ་རྣམས་དང་ཁོང་ཚོའི་ནང་མི་ཚོ་དབྱིན་ཡུལ་ནང་གཏན་སྡོད་ཀྱི་ཐོབ་ཐང་མགྱོགས་མྱུར་སྤྲོད་འཆར་ཡོད་པ་དབྱིན་ཇིའི་ནང་སྲིད་ལས་ཁང་གི་དཔོན་རིགས་ཀྱི་བཀའ་མོལ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་ཡོད་འདུག ཡིན་ནའང་ཚགས་ཤོག་དེའི་ནང་གནས་ཚུལ་མུ་མཐུད་འཁོད་པར་དབྱིན་ཇིའི་སྲུང་སྐྱོབ་ལས་ཁང་གིས་གསུང་དོན་ལྟར་ན་བལ་ཡུལ་གྱི་གོར་ཁའི་དམག་མི་དབྱིན་ཇིའི་དམག་ཞབས་ཁོངས་སུ་ཡོད་པ་ཚོར་དབྱིན་ཡུལ་ནང་གནས་སྡོད་ཀྱི་ཐོབ་ཐང་སྤྲོད་རྒྱུར་བལ་ཡུལ་གཞུང་གིས་སེམས་འཚབ་གནང་གི་ཡོད་པ་དང་དེའི་རྒྱུ་མཚན་གཙོ་བོ་བལ་ཡུལ་གཞུང་གིས་དབྱིན་ཇིའི་དམག་ཞབས་ཁོངས་སུ་ཡོད་པའི་བལ་ཡུལ་གྱི་གོར་ཁའི་དམག་མི་དེ་དག་མ་འོངས་དབྱིན་ཡུལ་ནང་གཏན་སྡོད་བྱས་ཚེ་བལ་ཡུལལ་གྱི་མི་སེར་གྱི་གྲངས་འབོར་ཉུང་དུ་འགྲོ་རྒྱུ་མ་ཟད་དམག་མི་དེ་ཚོའི་ཡོངས་འབབ་ཀྱི་དཔྱ་ཁྲལ་རྣམས་བལ་ཡུལ་གྱི་དཔལ་འབྱོར་ཡོངས་ཁུངས་གཙོ་བོའི་གྲས་ཤིག་ཡང་ཡིན་པར་བརྟེན་ནས་བལ་ཡུལ་གྱི་དཔལ་འབྱོར་ཡོང་ཁུལ་ལ་གནོད་སྐྱོན་ཕོག་སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་སྟབས་བལ་ཡུལ་གཞུང་གིས་ཕྱི་ལོ་༡༩༤༧ལོར་དབྱིན་ཇི་དང་ལྷན་དུ་བཞག་པའི་བལ་ཡུལ་གཞུང་གིས་ལོ་ལྟར་བལ་ཡུལ་གྱི་གཞོན་སྐྱེས་ཁག་ཅིག་དབྱིན་ཇིའི་དམག་ཞབས་ཁོངས་སུ་གཏོང་རྒྱུའི་གྲོས་མཐུན་དེ་བརྩི་མེད་གཏོང་སྲིད་པའི་ཉེན་ཚབས་ཡོད་པ་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org