ཁེ་ན་ཌའི་གྲོང་ཁྱེར་ཞིག་ནང་བོད་རང་དབང་སྒེར་ལངས་སྲུང་བརྩི།

ཁེ་ན་ཌའི་བྭིརེ་ཊེཤི་ཀོ་ལོམྦི་ཡ་མངའ་སྡེའི་གྲོང་ཁྱེར་བྭར་ཎ་བྭའི་ནང་འདི་ལོའི་བོད་རང་དབང་སྒེར་ལངས་སྲུང་བརྩི་གཞུང་འབྲེལ་ཐོག་ནས་གནང་རྒྱུ།

༄༅༎ཁེ་ན་ཌའི་བྭིརེ་ཊེཤི་ཀོ་ལོམྦི་ཡ་མངའ་སྡེའི་གྲོང་ཁྱེར་བྭར་ ཎ་བྭའི་ནང་། འདི་ལོའི་བོད་རང་དབང་སྒེར་ལངས་སྲུང་བརྩི་གནང་རྒྱུའི་བསྒྲགས་གཏམ་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག

ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མ་ཊི་བྭར་ན་བྭེའི་དང་ས་གནས་ཀྱི་བོད་མིས་ཚོས་ཇི་ལྟར་རེ་འདུན་ཞུས་པ་ལྟརའདི་ཟླའི་ཚེས་བདུན་ཉིན་བྭར་ ན་བྭའི་ཡིས་གྲོང་ཁྱེར་སྤྱི་ཁྱབ་ཌེརེཀ་ཨར་ཀོརི་གེན་གྱིས་གྲོང་ཁྱེར་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག ཕྱི་ཟླ་གསུམ་པའི་ཚེས་བཅུ་སྟེ་བོད་མིའི་རང་དབང་སྒེར་ལངས་ཐེངས་ལྔ་བཅུ་ལྔ་གཉིས་པ་དེ་གཞུང་འབྲེལ་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་འདུག

གྲོང་ཁྱེར་སྤྱི་ཁྱབ་ཀྱིས་འདུ་འཛོམས་དེར་བཅར་བའི་བོད་མི་ཚོར་བོད་ཀྱི་ཉིན་མོ་སྲུང་བརྩིའི་བསྒྲགས་གཏམ་ཕྱག་ཁྱེར་གནང་ཡོད་འདུག  བོད་མི་ཚོས་གྲོང་ཁྱེར་སྤྱི་ཁྱབ་ལ་མཇལ་དར་ཕུལ་ནས་ཕྱག་ཁྱེར་དེ་ཞུས་པ་དང་ཆབས་ཅིག་ གྲོང་ཁྱེར་ནང་བོད་ཀྱི་ཉིན་མོ་སྲུང་བརྩིའི་བཀའ་ཁྲོལ་གནང་བ་དགའ་བསུ་ཞུས་གནང་འདུག ས་ཁུལ་དེར་བོད་ཀྱི་ཉིན་མོ་གཞུང་འབྲེལ་སྲུང་བརྩི་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org