འབར་མའི་ནང་པའི་དགེ་འདུན་པ་ཚོས་སྦང་ལ་དེཤ་ལ་ངོ་རྒོལ།

འབར་མའི་ནང་པའི་དགེ་འདུན་པ་ཚོས་སྦར་མའི་གྲོང་འཁྱེར་ དབྱངས་གུང ནང་ཡོད་པའི་བྷང་ལ་དྷེཤ་ཡི་གཞུང་ཚབ་ལས་ཁང་མདུན་དུ་ངོ་རྒོལ།

༄༅༎སྤྱི་ཟླ་༩་ཚེས་༣༠་ཉིན། བང་ལ་དེཤ་རྒྱལ་ཁབ་ནང་ཁ་ཆེ་བ་ཚོས་ནང་པའི་དགོན་པ་དང་སྒེར་གྱི་ཁང་ཁྱིམ་བཅས་པར་གཏོར་བཅོམ་བྱས་པའི་གནས་ཚུལ་བྱུང་བ་དེར། འདི་ཚེས་ ༥ ཉིན་འབརར་མའི་ནང་པའི་དགེ་འདུན་པ་ཚོས་འབར་མའི་གྲོང་འཁྱེར་ དབྱངས་གུང་ ནང་ཡོད་པའི་བང་ལ་དེཤ་ཡི་གཞུང་ཚབ་ལས་ཁང་མདུན་ངོ་རྒོལ་བྱས་འདུག་པ་དང༌། དགེ་འདུན་པ་དེ་དག་གི་ཕྱག་ཏུ་འཕྲེད་དར་བསྣམས་ཡོད་པའི་ཐོག འཛམ་གླིང་འདི་མི་ཚང་མའི་ཆེད་དུ་ཡིན་པ་ལས། ཁ་ཆེ་བ་གཅིག་པོས་མ་རེད་ཅེས་དང་། ནང་པའི་ཆོས་ལ་དམའ་འབེབ་བྱ་རྒྱུ་མཚམས་འཇོགས་བྱེད་དགོས་ཞེས་སོགས་ཀྱི་བརྗོད་ཚིག་བཀོད་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org