ཁེ་ན་ཌའི་གྲོང་ཁྱེར་མོན་ཊེལ་ནང་བོད་ཀྱི་དུས་སྟོན་སྤེལ་རྒྱུ།
ཁེ་ན་ཊའི་གྲོང་ཁྱེར་མོན་ཊེལ་ནང་སང་ཉིན་གཟའ་སྤེན་པ་ནས་འགོ་བཙུགས་ཏེ་དུས་ཡུན་ཉིན་གྲངས་བདུན་རིང་བོད་ཀྱི་དུས་སྟོན་ཞིག་སྤེལ་གྱི་ཡོད་པ།
-
2010-04-30 -
-
-
༄༅༎ཁེ་ན་ཊའི་གྲོང་ཁྱེར་མོན་ཊེལ་ནང་སང་ཉིན་གཟའ་སྤེན་པ་ནས་འགོ་བཙུགས་ཏེ། དུས་ཡུན་ཉིན་གྲངས་བདུན་རིང་བོད་ཀྱི་དུས་སྟོན་ཞིག་སྤེལ་གྱི་ཡོད་པ་དང་།དེའི་རིང་བོད་ཀྱི་ཐང་ག་འགྲེམས་སྟོན་དང་དཀྱིལ་འཁོར་བཞེངས་རྒྱུ། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁ་གདན་སོགས་འགྲེམས་སྟོན་བྱ་རྒྱུ་མ་ཟད། བོད་མིའི་རིག་གཞུང་དང་སྲོལ་རྒྱུན་ཁེ་ན་ཊའི་མི་མང་ཚོར་ངོ་སྤྲོད་བྱ་རྒྱུ། དེ་མིན་དབྱིན་སྐད་དུ་ཨན་མིས་ཊེ་ཀན་ཅའི་ཡེལ་དྲ་ཞེས་པའི་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་སོགས་ཀྱི་འཆར་གཞི་རིམ་པ་ཡོད་པ། དུས་སྟོན་གོ་སྒྲིག་གནང་མཁན་རྡི་པ་ལི་ལིན་དྲ་ལྦོ་ལོམ་གྱིས་གསུངས་འདུག
ད་རེས་ཁ་ན་ཊའི་གྲོང་ཁྱེར་མོན་ཊེལ་ནང་བོད་ཀྱི་དུས་སྟོན་དེ་རིགས་སྤེལ་བ་ཐེངས་དང་པོ་ཡིན་པ་དང་། གྲོང་ཁྱེར་དེའི་ནང་གི་གྲོང་མིའི་ཁྲོད་བོད་ཀྱི་གནས་སྟངས་དང་རིག་གཞུང་ཆོས་ལུགས། དེ་བཞིན་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱུས་མངའ་ཡོད་མཁན་མང་པོ་ཡོད་པ་མ་ཟད། ནང་ཆོས་ལ་དད་ཞེན་དང་ཉམས་ལེན་བྱེད་མཁན་ཡང་མི་ཉུང་བ་ཡོད་པར་བརྟེན། གྲོང་ཁྱེར་དེ་འདྲ་ཞིག་གི་ནང་བོད་ཀྱི་རིག་གཞུང་དང་ཆོས་ལུགས་སོགས་ངོ་སྤྲོད་ཀྱི་དུས་སྟོན་དེ་འདྲ་ཞིག་སྤེལ་རྒྱུ་དེ་ནི་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པའི་སྐོར། དུས་སྟོན་གོ་སྒྲིག་གནང་མཁན་ལེན་དྲ་ལྦོ་ལོམ་གྱིས་གསུངས་འདུག
དུས་སྟོན་གོ་སྒྲིག་གནང་མཁན་རྡི་པ་ལི་ལིན་དྲ་ལྦོ་ལོམ་ནི་རྒྱུ་རྩལ་བ་ཞིག་ཡིན་པའི་ཁར་ཁོང་ཆུང་དུས་རྒྱ་གར་རྡོ་རྗེ་གླེང་གི་བོད་པའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་། དུས་སྟོན་རིང་བྱུང་བའི་མ་དངུལ་མཁེ་སང་ཡོངས་རྫོགས་ད་རེས་སྐྱེ་རྒུ་མདོ་ས་ཡོམ་གྱི་གནོད་ཚེ་ཕོག་ཡུལ་དུ་ཞལ་འདེབས་འབུལ་རྒྱུ་ཡིན་ལུགས་གསུངས་འདུག།