རྒྱ་གར་གྱིས་འཛམ་གླིང་ནང་མོ་ཊ་ཆུང་ཤོས་ཚོང་འགྲེམས་བྱེད་རྒྱུ།

རྒྱ་གར་གྱིས་ནེ་ནོ་ཞེས་པའི་འཛམ་གླིང་ནང་མོ་ཊ་ཆུང་ཤོས་དེ་ཚོང་འགྲེམས་བྱེད་རྒྱུ་དེ་ནི་མོ་ཊའི་རིན་གོང་ཆུང་ཤོས་དེ་ཡང་ཆགས་ཀྱི་ཡོད་པ་རེད།

༄༅༎རྒྱ་གར་གྱིས་འཛམ་གླིང་ནང་མོ་ཊ་ཆུང་ཤོས་དེ་བཞིན་ཚོང་འགྲེམས་བྱེད་རྒྱུ་འགོ་བཙུགས་ཡོད་འདུག

དེང་སང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་སྐབས་དང་ལྷག་པར་དུ་མོ་ཊའི་ཚོང་ལས་ཐོག་འགྲོ་རྒྱུགས་དེ་ཙམ་ཆེན་པོ་མེད་པའི་དུས་ཚོད་ལ་མ་ལྟོས་པར་དེ་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་ནས་ཀྲ་ཀྲ་མོ་ཀྲོར་ཞེས་པའི་མོ་ཊའི་ཚོང་དོན་ཚན་པ་དེས་ལོ་ཤས་གོང་ནས་བཟོ་བསྐྲུན་བྱེད་བཞིན་པའི་ནེ་ནོ་ཞེས་འཛམ་གླིང་ནས་ནས་མོ་ཊ་ཆུང་ཤོས་དེ་བཞིན་ཕྱི་ཚོང་བྱེད་རྒྱུ་འགོ་བཙུགས་ཡོད་འདུག

ནེ་ནོ་ཞེས་པའི་མོ་ཊ་ཆུང་ཆུང་དེ་ནི་ད་བར་འཛམ་གླིང་ནང་ནས་མོ་ཊའི་རིན་གོང་ཆུང་ཤོས་དེ་ཡང་ཆགས་ཀྱི་ཡོད་པ་ནི་མོ་ཊ་དེར་ཧིན་སྒོར་ཆིག་འབུམ་དང་ཨ་རིའི་ཌོ་ལར་ཉིས་སྟོང་ཙམ་ལས་སྤྲོད་དགོས་ཀྱི་མེད་པ་ནི་ཁྱིམ་ཚང་འབྲིང་ཙམ་ནས་ཀྱང་ཉོ་ཐུབ་པའི་མོ་ཊ་ཞིག་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org