བོད་ལྷོ་ཤར་ཁུལ་གྱི་ས་གཞི་རློན་པ་སྲུང་སྐྱོབ་ཀྱི་ཁྲིམས་གཞི།
བོད་རང་སྐྱོང་ལྗོངས་ཟེར་བའི་ལྷོ་ཤར་ཁུལ་དུ་ས་གཞི་རློན་པ་བེད་སྤྱོད་བྱ་ཕྱོགས་ཐད་ཁྲིམས་གཞི་གཏན་འབེབས་བྱས་ལུགས་སྐོར།
-
2011-03-03 -
-
-
༄༅༎མཐོ་སྒང་བོད་ཀྱི་སྐྱེ་དངོས་སྲུང་སྐྱོབ་ཀྱི་ལས་དོན་ཆ་ཤས་སུ་བོད་རང་སྐྱོང་ལྗོངས་ཀྱིས་ལྷོ་ཤར་ཁུལ་དུ་ས་གཞི་རློན་པ་བེད་སྤྱོད་བྱ་ཕྱོགས་ཐད་ཁྲིམས་གཞི་གཏན་འབེབས་བྱས་ལུགས་སྐོར་རེས་གཟའ་ལྷག་པའི་ཉིན་བོད་རང་སྐྱོང་ལྗོངས་ཀྱི་ནགས་ཚལ་ལས་ཁུངས་ཀྱིས་གསལ་བསྒྲགས་བྱས་ཡོད་པ་རེད་༎
གནས་ཚུལ་ནང་གསལ་ལྟར་ན་ གོང་གསལ་བོད་རང་སྐྱོང་ལྗོངས་ལྷོ་ཤར་ཁུལ་དུ་ས་གཞི་རློན་པ་སྲུང་སྐྱོབ་ཀྱི་ཁྲིམས་གཞི་དེ་བཞིན་སྔ་ལོ་ཕྱི་ཟླ་༡༡པའི་ནང་ས་གནས་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་ཡོད་པ་རེད་ ཁྲིམས་ཡིག་དེའི་ནང་བོད་རང་སྐྱོང་ལྗོངས་ལྷོ་ཤུར་ཁུལ་དུ་རློན་གཞི་ཅན་གྱི་ས་ཁུལ་ནང་གཞུང་གི་བཀའ་ཁྲོལ་མེད་པར་ས་གནས་ཀྱི་རང་བྱུང་ཐོན་སྐྱེད་གང་ཡང་བསྔོག་འདོན་བྱེད་མི་ཆོག་པ་དང་ས་ཁུལ་ནང་ གད་རྙིགས་ལ་སོགས་པའི་རྙིགས་རོ་སྤུངས་འཇོག་བྱེད་མི་ཆོག་པ་དང་ དེ་བཞིན་རློན་གཞི་ཅན་གྱི་འཁོར་ཡུག་ནང་ཆགས་པའི་བྱ་བྱེའུ་ཚང་ནས་སྒོ་ང་འདོན་མི་ཆོག་པ་སོགས་ཁྲིམས་ཐོག་བཀོད་ཡོད་པ་རེད་ རྒྱ་ནག་གིས་ཟེར་བའི་བོད་རང་སྐྱོང་ས་གནས་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་སྐྱེ་དངོས་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་དེའི་ནང་བཀོད་པར་གཞིགས་ན་ ས་གནས་ཀྱི་ནགས་ཚལ་ལས་ཁུངས་ནས་ བོད་ནང་རློན་གཞི་ཅན་གྱི་ས་གནས་ཀྱི་ཐོན་སྐྱེད་དང་ཐོན་ཁུངས་དང་འབྲེལ་བའི་ཞིབ་འཇུག་གི་གནས་ཚུལ་གསོག་འཇོག་བྱ་རྒྱུ་དང་ ཆབས་ཅིག་རློན་གཞི་ཅན་གྱི་ས་ཁུལ་གྱི་འཁོར་ཡུག་དང་རྩྭ་ཐང་སྲུང་སྐྱོབ་ཆེད་རྩྭ་ཐང་ནང་སྒོ་ཕྱུགས་སེམས་ཅན་བཀག་སྡོམ་བྱ་རྒྱུ་དང་ དེ་བཞིན་ས་ཁུལ་གྱི་རློན་ཚད་མུ་མཐུད་གནས་ཐབས་སུ་ས་ཁུལ་གཞན་ནས་ཁ་སྣོན་གྱི་ཆུ་འདྲེན་བྱ་རྒྱུ་སོགས་བཀོད་ཡོད་པ་རེད་ མཐོ་སྒང་བོད་ཀྱི་འཁོར་ཡུག་ནང་ཆུ་འཛིན་དང་འདམ་གཞོངས་བཅས་ལས་གྲུབ་པའི་རློན་གཞི་ཅན་གྱི་ས་ཁྱོན་ཧེཀ་ཊར་ས་ཡ་དྲུག་ཙམ་ཡོད་ཅིང་དེ་ནི་རྒྱ་ནག་ཁྱོན་ཡོངས་སུ་རློན་གཞི་ཅན་གྱི་ས་ཁྱོན་གྱི་ཁྱབ་ཚད་བརྒྱ་ཆ་བཅུ་ཙམ་ལོན་གྱི་ཡོད་པ་རེད་༎