རྒྱ་གཞུང་གིས་ཐོག་རྩེག་ཅན་གྱི་སྡོད་ཤག་བརྒྱབ་སྟེ་བཙུན་མ་རྣམས་གནས་སྤོས་བྱས་པ།
རྒྱ་ནག་སྲིད་གཞུང་གིས་འགྲོ་གྲོན་བཏང་ནས་ཐོག་རྩེག་ཅན་གྱི་སྡོད་ཤག་གསར་རྒྱག་བྱས་ཏེ་བཙུན་མ་རྣམས་གནས་སྤོས་བྱེད་བཞིན་ཡོད་པ།
-
2018-06-30 -
-
-
Your browser doesn’t support HTML5 audio
༄༅། །གསེར་རྟ་བླ་རུང་སྒར་གྱི་དགེ་བཙུན་རྣམ་པའི་གྲྭ་ཤག་རྒྱ་གཞུང་གིས་སྔ་ལོ་གཏོར་བཤིག་བཏང་ནས་གྲྭ་བཙུན་མང་པོ་ཆོས་སྒར་དེ་ནས་ཕྱིར་འབུད་བཏང་ཡོད་པའི་གནས་ཚུལ་བྱུང་རྗེས། ད་ཆ་རྒྱ་ནག་སྲིད་གཞུང་གིས་འགྲོ་གྲོན་བཏང་ནས་ཐོག་རྩེག་ཅན་གྱི་སྡོད་ཤག་གསར་རྒྱག་བྱས་ཏེ། བཙུན་མ་རྣམས་གནས་སྤོས་བྱེད་དུ་བཅུགས་བཞིན་ཡོད་པའི་གནས་ཚུལ་ཞིག་བོད་ནས་མིང་འདོན་གནང་འདོད་མེད་པའི་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང༌། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་ནང་ཆོས་སློབ་གཉེར་གནང་མཁན་ཚོར་བསུན་རྩིར་ཆེན་པོ་བཟོས་པར་མང་ཚོགས་ཀྱིས་རྒྱ་གཞུང་ལ་མི་དགའ་བའི་བསམ་ཚུལ་ཤུགས་ཆེ་བྱུང་བ་དང་། རྒྱལ་སྤྱི་ནས་རྒྱ་གཞུང་གི་བྱེད་སྟངས་དེར་སྐྱོན་བརྗོད་བྱས་པར་བརྟེན། མང་ཚོགས་ལ་རྣམ་འགྱུར་བཏོན་ཐབས་སུ་ད་ཆ་རྒྱ་གཞུང་གིས་གྲྭ་ཤག་གསར་རྒྱག་དང་ལམ་ཁ་སོགས་བཟོ་བཅོས་རྒྱབ་བཞིན་ཡོད་པའི་རྣམ་འགྱུར་ཙམ་ཞིག་ཡིན་པ་བོད་ནང་གི་བོད་མི་ཚོས་ངོས་འཛིན་གནང་བཞིན་ཡོད་པ་རེད།།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།