ཟི་ཁྲོན་ས་ཡོམ་འོག་རྐྱེན་འདས་སོང་བའི་ཕྲུ་གུའི་གྲངས་འབོར།
རྒྱ་ནག་གཞུང་ནས་ས་ཡོམ་གྱི་དོན་རྐྱེན་འོག་འདས་གྲོངས་སུ་གྱུར་བའི་ཕྲུ་གུའི་གྲངས་ཚད་བཏོན་པ་དེ་ཐོག་མའི་གྲངས་ཚད་ལས་ཉུང་བ་བཏོན་འདུག
-
2009-05-07 -
-
-
༄༅༎རྒྱ་ནག་གཞུང་ནས་སྔ་ལོའི་ས་ཡོམ་གྱི་དོན་རྐྱེན་འོག་འདས་གྲོངས་སུ་གྱུར་བའི་ཕྲུ་གུའི་གྲངས་ཚད་བཏོན་པ་དེ་བཞིན་ཐོག་མའི་གྲངས་ཚད་ལས་ཉུང་བ་བཏོན་ཡོད་འདུག
ཟི་ཁྲོན་ཞིང་ཆེན་གྱི་ཤེས་རིག་ལས་ཁུངས་ནས་སྙན་ཐོ་བཏོན་པའི་ནང་སྔ་ལོ་ས་ཡོམ་གྱི་གོད་ཆགས་འོག་ཕྲུ་གུ་ལྔ་སྟོང་གསུམ་བརྒྱ་ལྷག་ཙམ་ལས་མེད་པ་རེད། འོན་ཀྱང་དེ་སྔ་ཤིན་ཧ་དང་གཞན་ཡང་གསར་འགྱུར་བརྒྱུད་ལམ་ཁང་ནས་ཞིབ་འཇུག་ཕྱོགས་བསྡོམས་སྙན་ཐོ་བཏོན་པའི་ནང་ཕྲུ་གུ་དང་དགེ་རྒན་གྲངས་དགུ་སྟོང་ལྷག་ཙམ་རྐྱེན་འདས་ཕྱིན་པ་དང་གར་སོང་ཆ་མེད་གྱུར་ཡོད་ལུགས་བཀོད་ཡོད་པ་བཅས་གང་ལྟར་གཞུང་འབྲེལ་གྱི་གྲངས་ཚད་དང་ཕྱི་ཕྱོགས་ཀྱི་བསྡོམས་རྩིས་གཉིས་མཐུན་གྱི་མེད་པ་རེད།
གོང་ཞུས་གནད་དོན་ཐོག་ཁང་པའི་བཀོད་དབྱིབས་ཇུས་བཀོད་མཁས་པ་སྐུ་ཞབས་ཨེ་ལྦི་ལྦིས་རིའུ་ཀྲར་གསར་འགྱུར་ལས་ཁང་ལ་གཞུང་ཕྱོགས་ནས་བཏོན་པའི་གྲངས་ཚད་དེ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་དང་འགན་འཁྲི་མེད་པའི་སྙན་ཐོ་བཏོན་པ་ཞིག་རེད་ལ་དེར་ཡིད་ཆེས་མེད་ཅེས་གསུངས་འདུག ཁོང་གིས་ད་བར་ཁོང་རང་ཉིད་ཀྱི་འོག་དང་བླངས་ཞབས་ཞུ་བ་ཚོས་ཉམས་ཞིབ་བྱེད་མཁན་ཚོས་འགྲེལ་བརྗོད་བྱས་པར་ལྟར་ནའང་ཕྲུ་གུ་༥༢༠༠འདས་གྲོངས་སུ་གྱུར་པ་དང་ཕལ་ཆེར་ཆིག་སྟོང་ཙམ་ཚོད་རྩིས་ཀྱི་རྐྱེན་འདས་ཕྱིན་ཡོད་པ་བཅས་ཁྱོན་བསྡོམས་བདུན་སྟོང་ཙམ་ཆགས་ཀྱི་འདུག་ཅེས་གསུངས་འདུག།