ཝང་ལེ་ཤོན་ཉི་ཧོང་ལ་བསྐྱོད་པར་པེ་ཅིན་གནམ་ཐང་ནས་བཀག་པ།
རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཝང་ལེ་ཤོན་ཉི་ཧོང་དུ་བསྐྱོད་པར་པེ་ཅིན་གནམ་ཐང་ནས་བཀག་སྟེ་བསྐྱོད་ཐུབ་མི་འདུག
-
2015-12-24 -
-
-
རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཝང་ལེ་ཤོན་ཉི་ཧོང་དུ་བསྐྱོད་པར་པེ་ཅིན་གནམ་ཐང་ནས་བཀག་སྟེ་བསྐྱོད་ཐུབ་མི་འདུག
དེ་ཡང་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཝང་ལེ་ཤོན་རེས་གཟའ་སྤེན་པའི་ཉིན་ཉི་ཧོང་དུ་བསྐྱོད་པར་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་རྒྱལ་སྤྱིའི་གནམ་ཐང་ནས་བཀག་བསྡོམས་བྱས་ནས་འགྲོ་མ་ཐུབ་པ་བྱུང་ཡོད་པ་དང་། དེ་ནི་བོད་རིགས་རྩོམ་པ་པོ་འོད་ཟེར་ལགས་ཀྱི་བཟའ་ཟླ་ལོ་ན་༦༠་སོན་པའི་ཝང་ལེ་ཤོན་ཁོང་རྒྱ་གཞུང་གིས་ཕྱིར་བསྐྱོད་བཀག་བསྡོམས་དགོས་དོན་ནི་ཁོང་གིས་ཕྱི་ཕྱོགས་སུ་རྒྱལ་ཁབ་བདེ་འཇགས་ལ་གནོད་བསྐྱེལ་གཏོང་རྒྱུར་དོགས་གཞི་ཡོད་པའི་རྒྱུ་མཚན་བཤད་འདུག
འདི་ག་རླུང་འཕྲིན་ཁང་གིས་ཝང་ལེ་ཤོན་ལ་བཅར་འདྲི་བྱས་སྐབས། ཁོང་གིས་གནས་ཚུལ་དེ་བརྒྱུད་ལམ་ཁག་ནང་ཐོན་ཚར་ཡོད་པ་རེད། གནས་ཚུལ་དེའི་ཐད་བརྒྱུད་ལམ་ཁག་ལ་མི་བཤད་རྒྱུ་རྒྱ་ནག་ལ་ཁས་ལེན་བྱས་པ་ཡིན་ཞེས་བརྗོད་འདུག
ད་དུང་ཁོང་གིས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལ་གནོད་གཞི་ཟེར་བ་དེ་གནད་དོན་ཚང་མ་ལ་ཁྱབ་པའི་བེད་སྤྱོད་གཏོང་བྱེད་ཀྱི་ཚིག་གཅིག་ཡིན་པ་རེད་ཅེས་བརྗོད་འདུག ཝང་ལེ་ཤོན་དེ་སྔོན་ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་འདྲ་མིན་ལ་ཕེབས་མྱོང་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཀྱང་གནང་མྱོང་ཡོད་པ་རེད།
ད་ཐེངས་རྒྱ་གཞུང་གིས་ཁོང་ཕྱི་ཕྱོགས་སུ་བསྐྱོད་རྒྱུ་བཀག་བསྡོམས་བྱས་པའི་ཁོངས་ནས་ཝང་ལེ་ཤོན་ཁོང་ཡང་ཚུད་པ་དང་པོ་རེད་ཅེས་རྒྱ་ནག་གི་ཐོབ་ཐོང་དོན་གཉེར་བ་ཧོའུ་ཅཱ་(HuJia)ཡིས་བརྗོད་འདུག
གསར་འགོད་པ་གུ་རུ་ཆོས་སྐྱིད་དང་རྡོ་རྗེ་དགྲ་འདུལ།