རྒྱ་ནག་གིས་སྤྱི་ཚོགས་འབྲེལ་མཐུད་དྲ་འཕྲིན་ཐོག་དམ་དྲག

དྲ་འཕྲིན་བེད་སྤྱོད་བྱེད་པར་རྒྱ་ནག་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་རྒྱུན་ལ་སྲུང་སྐྱོབ་བྱེད་རྒྱུའི་ཁས་ལེན་བྱེད་དགོས་ཚུལ་སྤེལ་འདུག

རྒྱ་ནག་གི་དྲ་ཁང་ཞིག་གི་ནང། དྲ་བཤུས། ITS

དྲ་འཕྲིན་བེད་སྤྱོད་བྱེད་པར་རྒྱ་ནག་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་རྒྱུན་ལ་སྲུང་སྐྱོབ་བྱེད་རྒྱུའི་ཁས་ལེན་བྱེད་དགོས་ཚུལ་སྤེལ་འདུག
དེ་ཡང་རྒྱ་ནག་གཞུང་གིས་དྲ་རྒྱའི་ཐོག་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་མི་འབོར་ས་ཡ་༦༣༢ཙམ་ཀྱིས་དྲ་རྒྱའི་ལམ་ནས་རང་གི་སྨྲ་བརྗོད་རང་དབང་བེད་སྤྱོད་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད། དེ་རིང་རྒྱ་ནག་གི་CCTV བརྙན་འཕྲིན་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དྲ་རྒྱ་བེད་སྤྱོད་བཏང་མཁན་ཚོས་རྒྱ་ནག་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་རྒྱུན་སྲུང་སྐྱོབས་བྱེད་རྒྱུ་མཚོན་པའི་དོན་ཚན་བདུན་ཐོག་ཁས་ལེན་བྱེད་དགོས་ལུགས་བཀོད་འདུག དྲ་རྒྱའི་ཐོག་སྟངས་འཛིན་བྱ་རྒྱུའི་སྒྲིག་གཞི་གསར་ཤོས་དེ་ནི་སྐད་འཕྲིནWeChatཐོག་སྟངས་འཛིན་བྱ་རྒྱུར་དམིགས་ནས་བཟོས་པ་ཞིག་ཡིན་པ་དང་། སྐད་འཔྲིན་WeChatཐོག་པར་རིས་དང་། གནས་ཚུལ། དྲ་བརྙན་སོགས་འཕྲལ་མར་ཕན་ཚུན་བསྐུར་བ་དང་བརྗེ་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད།
ཡང་བརྒྱུད་ལམ་འདྲ་མིན་གྱི་ནང་གནས་ཚུལ་ཐོན་པར་གཞིགས་ན། འདས་པའི་བདུན་ཕྲག་མང་པོའི་རིང་རྒྱ་ནག་གཞུང་གིས་ལྷོ་ཀོ་རི་ཡའི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་Kakaoདང་། Lineཞེས་པ་ཡང་རྒྱ་ནག་ནང་བདེ་སྤྱོད་མ་ཐུབ་པ་བཟོས་ཡོད་པ་དང་།  དེ་ནི་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་བཀག་འགོག་བྱེད་ཆེད་གནང་བ་ཞིག་ཡིན་ལུགས་རྒྱ་ནག་གི་དཔོན་རིགས་ཚོས་བཤད་ཀྱི་ཡོད་ལུགས་ལྷོ་ཀོ་རི་ཡའི་དཔོན་རིགས་ཚོས་བརྗོད་འདུག རྒྱ་ནག་གཞུང་གིས་དྲ་རྒྱའི་སྒྲིགས་གཞི་གསར་པ་དེ་བཞིན་དཀྲོགས་གཏམ་བཀག་འགོག་བྱེད་ཆེད་ཡིན་ལུགས་གསུངས་ཀྱི་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་ལས་ཁང་ཁག་གིས་དེ་ནི་རྒྱ་ནག་གཞུང་གི་གནས་ཚུལ་འདོན་སྤེལ་བྱེད་མཁན་ཚོར་ཉེས་པ་གཏོང་ཆེད་ཁ་འདོགས་བྱས་པ་ཞིག་ཡིན་ལུགས་གསུངས་འདུག
ཉེ་སྔོན་ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་གཞུང་གིས་WeChat དང་། དེ་དང་འབྲེལ་བའི་དྲ་གནས་མང་པོས་དཀྲོགས་གཏམ་གྱི་གནས་ཚུལ་ཁྱབ་སྤེལ་བྱེད་ཀྱི་ཡོད་ལུགས་ཁ་འདོགས་བྱས་ནས་བཀག་འགོག་བྱས་བ་དང་། མི་བརྒྱ་ཕྲག་ཁ་ཤས་འཛིན་བཟུང་བྱས་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org