ཉི་ཧོང་དུ་རྒྱ་ནག་སྲིད་འཛིན་གྱི་འཚམས་འདྲི།

རྒྱ་ནག་སྲིད་འཛིན་གྱིས་ཁ་ས་ཉི་ཧོང་གི་སྲིད་འཛིན་དང་མཇལ་འཕྲད་གྲུབ་པའི་རྗེས་ཐུན་མོང་གསར་འགོད་པ་ཚོར་བོད་རྒྱའི་གྲོས་མོལ་དེ་ནི་དོ་ནན་པོ་ཞིག་བྱུང་ཡོད་པ་གསུངས་འདུག

༄༅༎སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཏྰ་ལའི་བླ་མའི་ངོས་ནས་ལྷག་བསམ་རྣམ་དག་བྱེད་དགོས་ཀྱི་རེད་ཅེས་གཏམ་བཤད་སྤེལ་འདུག

རྒྱ་ནག་གི་སྲིད་འཛིན་མཆོག་ཁ་ས་ཉི་ཧོང་དུ་འཚམས་འདྲི་གཟིགས་བསྐོར་ཕེབས་ཏེ་ཁུལ་དེའི་སྲིད་བློན་མཆོག་དང༌། མཇལ་འཕྲད་གྲུབ་པའི་རྗེས་སུ་ཐུན་མོང་གི་གསར་འགོད་ལྷན་ཚོགས་ཐོག་ཉེ་ཆར་བོད་རྒྱའི་གྲོས་མོལ་སྐོར་བཀའ་འདྲི་ཞུས་པའི་སྐབས། ཁོང་གིས་ཕྱོགས་གཉིས་བར་གྱི་གྲོས་མོལ་རྣམ་དཔྱོད་དང་མཐུན་པའི་ཐོག་ནས་དོ་ནན་པོ་ཞིག་བྱུང་ཡོད་ལུགས་གསུངས་པ་དང༌། ཆབས་ཅིག་ཏྰ་ལའི་ངོས་ནས་རྒྱལ་ཁབ་ཁ་བྲལ་དང༌། ཟིང་ཆ་སློང་རྒྱུའི་ལས་དོན་རིགས་སྤེལ་གནང་རྒྱུའི་མཚམས་འཇོག་གནང་ནས་ལྷག་བསམ་རྣམ་དག་ཡིན་པའི་རྣམ་དཔྱོད་བསྟན་གནང་དགོས་ཀྱིས་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། ཡང་ཁ་སའི་གསར་འགོད་ལྷན་ཚོགས་ཐོག་ཉི་ཧོང་གི་སྲིད་བློན་མཆོག་གིས། རྒྱ་ནག་གི་ངོས་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་གནང་བ་དེར་དགའ་བསུ་ཡོད་ལ་མ་འོངས་པར་མུ་མཐུད་ནས་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཞུ་ཡིས་ཡིན་ཞེས་གསུངས་ཡོད་པ་དང༌། གང་ལྟར་ཉི་ཧོང་གི་སྲིད་བློན་མཆོག་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུའི་ཐུགས་རེ་གནང་བ་དང་། ཆབས་ཅིག་བོད་ཀྱི་གནད་དོན་ཐོག་ལའང་གླེང་སློང་ཤུགས་ཆེ་གནང་ཡོད་པ་རེད། འདས་པའི་ལོ་བཅུ་ཕྲག་གཅིག་ཙམ་རིང་ཡུལ་གཉིས་བར་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་ཀྱང་ཉི་ཧོང་གི་སྲིད་བློན་གསར་པས་ཁྱིམ་མཚེས་རྒྱ་ནག་མཉམ་དུ་འབྲེལ་བ་བཟང་དུ་གཏང་རྒྱུའི་འདུན་པ་ཙམ་མ་ཡིན་པར། ད་རེས་རྒྱ་ནག་གི་སྲིད་འཛིན་ཉི་ཧོང་ཁུལ་འཚམས་འདྲི་གཟིགས་བསྐོར་ལོ་བཅུའི་རྗེས་སུ་གནང་བ་ཞིག་ཀྱང་ཆགས་ཡོད་པ་རེད༎

 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org