རྒྱ་ནག་གི་དཔལ་འབྱོར་འཕར་ཚད་ཆེས་དམའ་ཤོས་ཡིན་པ།

རྒྱ་ནག་གི་ ༢༠༡༦ ལོའི་དཔལ་འབྱོར་འཕར་ཚད་འདས་པའི་ལོ་ ༢༥ ཙམ་གྱི་ནང་འཕར་ཚད་ཆེས་དམའ་ཤོས་དེ་ཆགས་ཀྱི་ཡོད་པ།

རྒྱ་ནག་གི་དཔལ་འབྱོར་འཕར་ཚད་འདས་པའི་ལོ་ ༢༥ ཙམ་གྱི་ནང་ཆེས་དམའ་ཤོས་ཡིན་པ། wiki

རྒྱ་ནག་གཞུང་གིས་སྔར་ལོའི་དཔལ་འབྱོར་འཕར་ཚད་དེ་ 6.5% ནས་ 7% བར་ཡོང་རྒྱུའི་རེ་བ་རྒྱབ་པ་ལྟར་བྱུང་ཡོད།  འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་དཔལ་འབྱོར་འཕར་ཚད་དེ་དོན་དངོས་ཐོག་གཞུང་འབྲེལ་གསལ་བསྒྲགས་བྱས་པའི་གྲངས་ཀ་ལས་དམའ་པ་ཡོད་པའི་གསལ་སྟོན་གནང་གི་ཡོད་པ་རེད།
དེ་ཡང་རྒྱ་ནག་ Liaoning ཞིང་ཆེན་གྱི་འགོ་ཁྲིད་ Chengqiufa ཡིས་ཕྱི་ལོ་༢༠༡༡ ནས་ ༢༠༡༤ བར་ཞིང་ཆེན་དེའི་དཔལ་འབྱོར་འཕར་ཚད་ཀྱི་གྲངས་ཀ་རྫུན་བཟོ་བྱས་སྐོར་ངོས་ལེན་བྱས་ཡོད་པ་རེད།
རྒྱ་ནག་ནང་རྡོ་སྣུམ་དང་རྒྱུ་ཆ་མང་དག་ཞིག་ཕྱིའི་རྒྱལ་ཁབ་ཁག་ནས་ནང་འདྲེན་བྱེད་དགོས་ཀྱི་ཡོད་པ་དེ་ནི།  དཔལ་འབྱོར་འཕེལ་རྒྱས་ཀྱི་མགྱོགས་ཚད་དལ་དུ་བཏང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ཀྱི་ཡོད་འདུག་ལ།   ལོ་གསར་པའི་ནང་རྒྱ་ནག་གི་དཔལ་འབྱོར་ལ་དེ་བས་ཉེན་ཁ་ཆེ་བ་འཕྲད་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་།  ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་  Donald Trump ཡིས་དངོས་སུ་ལས་ཁུར་བཞེས་པའི་རྗེས། ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཚོང་འབྲེལ་ལ་དོ་ཕོག་ཡོང་སྲིད་ངེས་པ་ཡིན་སྐོར་བརྗོད་བཞིན་འདུག
བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org