སུལྦེ་ཌེན་ནས་བོད་མི་ཞིག་བོད་ལ་ཕྱིར་འབུད་བྱ་འཆར།
ཡུ་རོབ་ཡུལ་གྲུ་སུལྦེ་ཌེན་གྱི་ཕྱི་མི་གཞིས་ཆགས་ལས་ཁུངས་ནས་བོད་མི་སྐྱབས་བཅོལ་བ་ཞིག་བོད་ལ་ཕྱིར་འབུད་བྱ་རྒྱུའི་ཉེན་ཁ་ཡོད་འདུག
-
2009-03-20 -
-
-
༄༅༎ཡུ་རོབ་བྱང་མའི་ཡུལ་གྲུ་སུལྦེ་ཌེན་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཞིག་ཡུལ་དེའི་ཕྱི་མི་གཞིས་ཆགས་ལས་ཁུངས་ནས་བོད་ལ་ཕྱིར་འབུད་བྱ་རྒྱུའི་ཉེན་ཁ་ཡོད་འདུག
དེ་ཡང་སུལྦེ་ཌེན་གྱི་རྒྱལ་ས་སིཀྲོག་ཧོམ་ནས་འདོན་སྤེལ་གནང་བའི་རྒྱལ་ཡོངས་གསར་འགྱུར་ཞེས་པའི་གསར་ཤོག་ཐོག་གནས་ཚུལ་ཐོན་པར་གཞིགས་ན་ཡུལ་དེའི་ཕྱི་མི་གཞིས་ཆགས་ལས་ཁུངས་ཀྱིས་བཀའ་འཁྲོལ་འོག་ཉེ་ལམ་བོད་མི་སྐྱབས་བཅོལ་བ་བྱམས་པ་ལྷ་མོ་ཟེར་བའི་ཁང་ཁྱིམ་དུ་ཉེན་རྟོག་པ་འགའ་ཤས་ཡོང་སྟེ་ཁོང་སུལྦེ་ཌེན་ནང་གནས་སྡོད་བྱེད་བཅུག་རྒྱུ་མིན་སྐོར་བཤད་ཡོད་པ་དོ་དམ་བྱམས་པ་ལྷ་མོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག ཡང་བོད་མི་སྐྱབས་བཅོལ་བ་བྱམས་པ་ལྷ་མོར་འཕྲད་བཞིན་པའི་ངཀའ་ངལ་གྱི་རྒྱབ་ལྗོངས་ལོ་རྒྱུས་དང་ཁོང་ཕྱིར་འབུད་མི་ཡོང་བའི་ཆེད་ཡུལ་དེའི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ཐབས་ཤེས་གནང་གི་ཡོད་པའི་སྐོར་སུལྦེ་ཌེན་བོད་རིགས་ཚོགས་པའི་ཚོགས་གཙོ་གཞོན་པ་ལྐལ་བཟང་དམ་ཆོས་ལགས་ཀྱིས་འགྲེལ་བརྗོད་གནང་བཞག