སྲིད་སྐྱོང་མཆོག་གིས་བརྡ་འཕྲིན་ཐབས་བྱུས་གོང་སྤེལ་ཚོགས་འདུ་ཐེངས་དང་པོ་དབུ་འབྱེད་དང་གཏམ་བཤད་གནང་།

ཕྱིའི་བརྡ་འཕྲིན་ཆེད་མཁས་བ་དང་མཉམ་དུ་བོད་མིའི་སྒྲིག་འཛུགས་ཀྱི་བརྡ་འཕྲིན་ཐབས་བྱུས་གོང་སྤེལ་ཚོགས་འདུ་ཐེངས་དང་པོ་བཀའ་ཤག་ཚོགས་ཁང་དུ་འཚོགས་བཞིན་འདུག

སྲིད་སྐྱོང་མཆོག་གིས་བརྡ་འཕྲིན་ཐབས་བྱུས་གོང་སྤེལ་ཚོགས་འདུ་ཐེངས་དང་པོ་དབུ་འབྱེད་དང་གཏམ་བཤད་གནང་སྐབས། ༡༠།༢༠།༢༠༢༢ CTA

ཕྱིའི་བརྡ་འཕྲིན་ཆེད་མཁས་བ་དང་མཉམ་དུ་བོད་མིའི་སྒྲིག་འཛུགས་ཀྱི་བརྡ་འཕྲིན་ཐབས་བྱུས་གོང་སྤེལ་ཚོགས་འདུ་ཐེངས་དང་པོ་བཀའ་ཤག་ཚོགས་ཁང་དུ་འཚོགས་བཞིན་འདུག
འདི་ཚེས་༢༠ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ། བརྡ་འཕྲིན་ཐབས་བྱུས་གོང་སྤེལ་ཚོགས་འདུ་ཐེངས་དང་པོ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕེབས་ནས་དབུ་འབྱེད་དང་གཏམ་བཤད་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས། གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འབྱུང་འགྱུར་ལས་དོན་རྣམས་ཀྱི་ཆེད་དགོས་མཁོ་མཉེན་ཆས་ཁག་གསར་བཟོ་གནང་དགོས་སྟབས། ཆེད་མཁས་པ་གདན་ཞུ་གནང་ནས་གོ་བསྡུར་གནང་དགོས་པའི་གལ་གནད་དང་། ཕྱི་དྲིལ་ཀློག་ཀླད་རྩིས་འཁོར་སྡེ་ཚན་གྱི་ལས་བྱེད་རྣམ་པས་ཆེད་མཁས་པ་དང་མཉམ་ལེགས་སྤེལ་ཉེས་འགོག་གི་ཤེས་ཡོན་བརྗེ་རེས་བྱས་ནས་བརྡ་འཕྲིན་ཐབས་བྱུས་གོང་སྤེལ་གཏོང་བར་གཏོང་གལ་ཆེ་བ་དང་། དེ་ལ་བརྡ་འཕྲིན་ཆ་འཕྲིན་ཐོག་སློབ་ཐོན་ཟིན་པའི་བོད་པའི་གཞོན་སྐྱེས་རྣམས་མཉམ་རུབ་ཀྱིས་ཕྱག་ལས་གནང་དགོས་པ་སོགས་གསུང་ཡོད་འདུག


ཉིན་གཉིས་རིང་གི་ཚོགས་འདུ་དེ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་གློག་ཀླད་རྩིས་འཁོར་སྡེ་ཚན་དང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་གཉིས་ཀྱིས་གོ་སྒྲིག་གནང་བ་ཡིན་པ་དང་། མཛད་སྒོར་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་གཙོས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་མི་མང་སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་གྱི་འགན་འཛིན་རྣམ་རྒྱལ་ལེགས་བཤད་ལགས་དང་འབྲེལ་ཡོད་ལས་བྱེད་རྣམ་པ། ཕྱི་རྒྱལ་དང་རྒྱ་གར་ནང་གི་ཚོགས་པ་ཁག་གི་བརྡ་འཕྲིན་ཆེད་མཁས་པ་ཁག་གཅིག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྐུ་ཚབ་སྲི་ཞུའི་ལས་བྱེད་བཅས་ཕེབས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། ལྷུན་གྲུབ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org