ཐེ་དབན་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་བ།

ཐེ་དབན་ནང་གི་བོད་མི་ཚོས་རྐང་འཁོར་བཞོན་ཏེ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་མཇུག་སྒྲིལ་ཡོད་པའི་གནས་ཚུལ།

༄༅༎ཐེ་དབན་ནང་གི་བོད་མི་ཚོས་རྐང་འཁོར་བཞོན་ཏེ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་མཇུག་སྒྲིལ་ཡོད་འདུག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། བོད་དོན་དྲིལ་བསྒྲགས་ཆེད་དུ་རྐང་འཁོར་འགྲུལ་བསྐྱོད་ཀྱི་ལས་འགུལ་ཞིག སྤྱི་ཟླ་ ༩ ཚེས་ ༢ སྟེ། བོད་མིའི་དམངས་གཙོའི་དུས་ཆེན་ཐེངས་༥༢ པ་སྲུང་བརྩི་ཞུ་བའི་ཉིན་མོ་དེར་དབུ་བཙུགས་གནང་ནས། ཉིན་གྲངས་ལྔའི་རིང་ཐེ་དབན་གྱི་བྱང་ཕྱོགས་སུ་ཡོད་པའི་རྒྱལ་ས་་ ཐའི་པེ ནས་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་་ ཁའོ་སུའུ་ཡིང་ བར་གྱི་གྲོང་ཁྱེར་ཆེ་ཁག་བརྒྱུད་དེ་ཁྱོན་ཀི་ལོ་མི་ཊར་ཆིག་སྟོང་བརྒྱ་འགྲིམས་འགྲུལ་བྱས་ཐོག  བོད་ནང་གི་བོད་མི་རྣམས་རྒྱ་ནག་གཞུང་གི་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་དང༌། ལྷག་དོན་ད་བར་དུ། བོད་ནང་གི་བོད་མི་༥༡ ཡིས་རང་སྲོག་བློས་གཏོང་གནང་སྟེ། དེའི་ནང་ནས་མི་༤༡ རྐྱེན་འདས་སུ་ཕྱིན་པ་དང༌། ཁོང་ཚོས་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས་པ་དང༌། བོད་ལ་རང་དབང་དགོས་པའི་དགོས་འདུན་བཏོན་པའི་གནས་ཚུལ་རྣམས་དྲིལ་བསྒྲགས་བྱས་ཡོད་འདུག
དེ་ནས་ཕྱི་ཚེས་༦ ཉིན་རྒྱལ་ས་ ཐའེ་པེ་ ཡི་ཐང་ཆེན་དུ་རྐང་འཁོར་འགྲིམས་འགྲུལ་གྱི་ལས་འགུལ་དང༌། བདེན་པའི་མེ་ལྕེ་ཐེ་ཝན་ནང་དུ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་གནང་འདུག།



2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org