ཟླ་རྒྱལ་ལགས་འཛིན་བཟུང་བཙན་ཁྲིད།

ཁམས་སོག་རྫོང་སོག་རོང་སྨད། ཚ་དབྲོག་ཤང་གྲོང་ཚོ་བདུན་པའི་གྲོང་མི་ཟླ་རྒྱལ་ལགས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་བྱས་འདུག

བོད་ནང་རྒྱ་དམག་གིས་དམ་བསྒྲགས་བྱེད་བཞིན་པ། བོད་ནས་བཏང་འབྱོར།

༄༅།    །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན།    ཟླ་༣ ཚེས་༡༡ གི་མཚན་མོར་སོག་རྫོང་གི་ཉེན་རྟོག་པ་ཡོང་ནས་མཚན་མོ་དེ་རང་ལ་ཟླ་བ་ལགས་འཛིན་བཟུང་བྱས་ནས་ཁྲིད་ཡོད་པ་དང་། དེ་རྗེས་ཁོང་གང་དུ་ཁྲིད་པ་དང་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག  ཁོང་འཛིན་བཟུང་བྱེད་དགོས་དོན་ནི།    ཁ་པར་བརྒྱུད་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པའི་དོགས་གཞི་ཡོད་སྐོར་ཁྱིམ་མཚེས་རྣམས་ཀྱིས་ཤོད་ཀྱི་ཡོད་འདུག    ཟླ་རྒྱལ་ལགས་ནི།    དེ་སྔོན་༢༠༡༢ ཟླ་༡༠ ཚེས་༢༣ ཉིན་འཛིན་བཟུང་བྱས་པའི་གྲྭ་པ་བཀྲ་ཤིས་ནོར་བུ་དང་གྲོང་ཚོ་གཅིག་པ་ཡིན་པ་དང་།     གྲྭ་པ་དེར་ཆ་མཚོན་ན།    འཛིན་བཟུང་བྱེད་དོན་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཡོད་པའི་རྐྱེན་གྱིས་ཡིན་པ་རེད་འདུག དེང་སྐབས་རྒྱ་གཞུང་གིས་སོག་རྫོང་དུ་ཁ་པར་ལ་ཞིབ་བཤེར་གྱིས་དམ་བསྒྲགས་སྔར་ལས་ལྷག་པ་བྱེད་ཀྱི་ཡོད་པ་རེད་འདུག  །

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org