༧གོང་ས་མཆོག་དང་སི་རི་ལངྐའི་སྲིད་འཛིན་ནས་ལྷན་ཚོཊ་དབུ་འབྱེད།

དཔལ་ནཱ་ལེནྡྲའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་༧གོང་ས་མཆོག་དང་སི་རི་ལངྐའི་སྲིད་འཛིན་རྣམ་གཉིས་ཀྱིས་དབུ་འབྱེད་གནང་སྲིད་པ་ཡིན་འདུག

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག ༢༠༡༧།༡ OHHDL

དཔལ་ནཱ་ལེནྡྲའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་༧གོང་ས་མཆོག་དང་སི་རི་ལངྐའི་སྲིད་འཛིན་རྣམ་གཉིས་ཀྱིས་དབུ་འབྱེད་གནང་སྲིད་པ་ཡིན་འདུག
དེ་ཡང་རྒྱ་གར་གྱི་དུས་བབ་The Times of India་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། དཔལ་ནཱ་ལེནྡྲ་Nalanda་རུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སི་རི་ལངྐའི་སྲིད་འཛིན་རྣམ་གཉིས་མཉམ་ཞུགས་ཀྱིས་ལྷན་ཚོགས་དབུ་འབྱེད་གནང་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག།
ནང་པའི་གནས་ས་དཔལ་ནཱ་ལེནྡྲ་Nalanda་འི་ཤུལ་ལྷག་གི་ཉེ་འཁྲིས་སུ་ཆགས་པའི་Nava Nalanda Mahavihara་གཙུག་ལག་སློབ་གཉེར་ཁང་དང་། རྒྱ་གར་དབུས་གཞུང་གི་རིག་གཞུང་ལས་ཁུངས་ཐོུང་གི་གོ་སྒྲིག་འོག་སྤྱི་ཟླ་༣་ཚེས་༡༧་ནས་༡༩་བར་ཉིན་གྲངས་གསུམ་རིང་ Rajgir་རམ་རྒྱལ་པོའི་ཁབ་ཏུ་ཡོད་པ་རྒྱལ་སྤྱིའི་ལྟེ་གནས་ཁང་དུ། དུས་རབས་ཉེར་གཅིག་པའི་ནང་ནང་ཆོས་ཀྱི་སྐབས་དོན་འབྲེལ་བ་དང་། གལ་གནད་ཇི་ཆགས་ཅེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་གནང་རྒྱུ་ཡིན་པ་རེད།
Nalandaའི་རྗོང་དཔོན་Thiyagarajan་ལགས་ཀྱིས། ལྷན་ཚོགས་འདིའི་ཐོག་ནང་པའི་དབུ་ཁྲིད་༧གོང་ས་ཏཱ་བླ་མ་མཆོག་དང་། ནང་པའི་རྒྱལ་ཁབ་སི་རི་ལངྐའི་སྲིད་འཛིན་རྣམ་གཉིས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱི་ལྷན་ཚོགས་དབུ་འབྱེད་ཀྱི་གསུངས་བཤད་གནང་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག་ལ།  དེ་བཞིན་NNM་གཙུག་ལག་སློབ་གཉེར་ཁང་གི་གསར་འགོད་འབྲེལ་མཐུད་པས། ལྷན་ཚོགས་མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་འཛིན་Pranab Mukherjee་ཕེབས་བཞུགས་གནང་སྲིད་པའི་སྐོར་གསུངས་འདུག
ད་རེས་ཀྱི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་འདིའི་ནང་Thailand, Sri Lanka, Lao, Cambodia, Vietnam, Myanmar, སོག་པོ། ལྷོ་ཀོ་རི་ཡ། ཨུ་རུ་སུ་བཅས་རྒྱལ་ཁབ་འདྲ་མིན་༣༠་ཙམ་ནས་ནང་པའི་དབུ་བླ་གཙོས་པའི་དགེ་འདུན་པ་ཞལ་གྲངས་༡༥༠་ལྷག་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ནས་ནང་པའི་སྐུ་ཚབ་བརྒྱ་ཕྲག་མང་པོ་མཉམ་བཞུགས་གནང་རྒྱུ་ཡིན་འདུག་ཅིང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དེའི་ཐོག་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འཛམ་གླིང་ཐོག་འཕྲད་བཞིན་པའི་དཀའ་ངལ་དང་འགག་རྩ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་། བུད་མེད་ཀྱི་གནད་དོན་སོགས་ཀྱི་ཐད་ནང་པའི་ལྟ་གྲུབ་དང་ཐབས་ལམ་སོགས་ཀྱི་སྐོར་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།
གནས་ཚུལ་ནང་གསལ་ལྟར་ན། ནཱ་ལེནྡྲ་Nalanda་རྗོང་དཔོན་མཆོག་གིས། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་གོ་སྒྲིག་ཚགས་ཚུད་གང་ལེགས་ཡོང་ཆེད་ལྷན་ཚོགས་ཀྱི་དུས་ཡུན་རིང་རྗོང་ལས་ཁུངས་ཀྱི་ལས་བྱེད་རྣམས་གུང་སེང་ཞུ་མི་ཆོག་པ་གསུངས་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་། རྡོ་རྗེ་འཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org