༸གོང་ས་མཆོག་མེ་སེ་ཅུ་སེཙ་ནང་ཞབས་སོར་འཁོད་པ།
2012.10.14
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་Massachusetts མངའ་སྡེའི་Cambridge གྲོང་ཁྱེར་དུ་ཞབས་སོར་འཁོད་ཡོད་པ་དང༌།ཉིན་རྒྱབ་མང་ཚོགས་ལ་འགྲོ་བ་མིའི་བཟང་སྤྱོད།འགྲོ་བ་མིའི་རིན་ཐང༌དང་བདེ་ཐབས་སྐོར་བཀའ་སློབ་སྩལལ་གནང་མཛད་འདུག།ཡང་ལྷན་ཚོགས་དེ་གའི་ནང་ཡེ་ཤུའི་ཆོས་པ་Thomas Keating དང་། David Steindl-Rast རྣམ་གཉིས་བཞུགས་ཏེ་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།ལྷན་ཚོགས་དེའི་ཐོག་གཞས་པ་གྲགས་ཅན་James Taylor ཡིས་གསུང་གཞས་ཕུལ་འདུག ༸གོང་ས་མཆོག་གིས་བཟང་པོའི་སྤྱོད་པར་འཇུག་ཐབས་ཀྱི་བཀའ་སློབ་དེ་ཆོས་ཀྱི་བསླབ་བྱ་དང་མ་འདྲེས་པའི་ཐོག་ནས་གནང་དགོས་དོན་ནི། འགྲོ་བ་མིར་རང་ཆས་སུ་ཡོད་པའི་བཟང་སྤྱོད་འབུར་ཐོན་ཡོང་ཐབས་དང་། ཆོས་ལ་ཡིད་ཆེས་མེད་པའི་སྐྱེ་བོ་མང་དག་གིས་༸གོང་ས་མཆོག་མཇལ་བ་དང་གསུང་ཐོས་རྒྱུའི་འདུན་པ་བསྐོང་ཆེད་ཡིན་པ་རེད།མདོ་དོན་བཟང་སྤྱོད་ནི།འགྲོ་བ་མིའི་ཀུན་ཁྱབ་འགན་ འཁུར་དང་།ཀུན་ལ་ཕན་པ་ཡོད་པ་ཞིག་ཡིན་པ་རེད།།