༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པར་ཕེབས་བསུ།
༧གོང་ས་མཆོག་གིས་ཡོ་རོབ་ཀྱི་རྒྱལ་ཁབ་དྲུག་ཙམ་ནང་གི་མཛད་འཕྲིན་ཁག་གྲུབ་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་གནང་འདུག
-
2016-10-24 -
-
-
༧གོང་ས་མཆོག་གིས་ཡོ་རོབ་ཀྱི་རྒྱལ་ཁབ་དྲུག་ཙམ་ནང་གི་མཛད་འཕྲིན་ཁག་གྲུབ་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་ཀྱི་རྒྱལ་ཁབ་དྲུག་ཙམ་ནང་ཆོས་ཕྱོགས་གཙོ་བོ་གནང་བའི་མཛད་འཕྲིན་ཁག་གྲུབ་ནས་ཕྱི་ཚེས་༢༤་ཉིན་བཞུགས་སྒར་དུ་ཕྱིར་ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཙོས་པའི་མཛད་གཙོ་རྣམས་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ས་གནས་སུ་ཡོད་པའི་བོད་མི་དང་ཕྱི་རྒྱལ་བ་སོགས་མི་གྲངས་སྟོང་ཕྲག་མང་པོས་
ཕེབས་ལམ་གཡས་གཡོན་དུ་རུ་དར་བསྒྲིགས་ནས་ཕེབས་བསུ་འཚམས་འདྲི་གནང་འདུག
ཐེངས་འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་རྒྱལ་ཁབ་Lativia་དང་། སུད་སི། Slovakia, Estonia, ཅེཀ་སྤྱི་མཐུན་རྒྱལ་ཁབ། ཨི་ཊ་ལིའི་སོགས་ཀྱི་གྲོང་ཁྱེར་གཙོ་བོ་ཁག་ཏུ་མཛད་འཕྲིན་འདྲ་མིན་བསྐྱངས་གནང་ཡོད་ཅིང་། ལྷག་དོན་དུ་ཐེངས་འདིར་རྒྱ་ནག་གི་གནོན་ཤུགས་ཡོད་བཞིན་དུ་Slovakia་དང་། Estoniaའི་སྲིད་འཛིན་དང་། ཅེག་སྤྱི་མཐུན་གྱི་སྲིད་བློན་གཞོན་པ་དང་རིག་གཞུང་བློན་ཆེན་རྣམས་ཀྱིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད།
ད་དུང་ཨི་ཊཱ་ལིའི་མི་ལཱན་གྲོང་ཁྱེར་གྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་གྱི་ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་ཕུལ་སྟེ་ཆེད་བསྟོད་ཞུས་ཡོད་པ་དང་། ཨི་ཊཱ་ལིའི་རྒྱ་ནག་གཞུང་ཚབ་ཁང་གིས་དེར་ཁོང་ཁྲོ་ཆེན་པོས་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་སྤེལ་འདུག།
གསར་འགོད་པ་ཀརྨ་རྡོ་རྗེ།