༧གོང་ས་མཆོག་ཐེ་ཝན་དུ་གདན་ཞུ།

ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོས་ ༸གོང་ས་མཆོག་ཐེ་ཝན་ནང་ཆོས་འབྲེལ་དུ་ཆིབས་བསྒྱུར་བསྐྱང་རྒྱུར་དགའ་བསུ་ཡོད་སྐོར་གསུངས།

སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཐེ་ཝན་གྲོས་ཚོགས་ཚོགས་གཙོ་དང་མཇལ་འཕྲད་གནང་བ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅།    །ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་  Wang Jin-Pyng  མཆོག་གིས་ཕྱི་ཟླ་༤ཚེས་ ༣༠ ཉིན་བོད་མི་མང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཕྱི་དྲིལ་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་དང་ལྷན་དུ་མཇལ་མོལ་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ཆོས་འབྲེལ་དུ་ཆིབས་བསྒྱུར་བསྐྱང་རྒྱུར་དགའ་བསུ་ཡོད་སྐོར་གསུང་འདུག  དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་བྱས་ན།    ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་བསྐྱངས་སྐབས།    ཐེ་ཝན་གྱི་གྲོས་ཚོགས་ནང་བཀའ་སློབ་གསུང་བཤད་དང་མང་ཚོགས་ལ་བཀའ་ཆོས་གནང་བའི་སྐོར་དྲན་གསོ་གནང་ཡོད་པ་དང་།    ཐེ་ཝན་དང་བོད་མིའི་བར་གྱི་འབྲེལ་ལམ་དེ་ཟབ་ཏུ་གཏང་དགོས་པའི་སྐོར་གསུངས་ལུགས་བཀོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org