༧གོང་ས་མཆོག་གིས་ལྕམ་སྐུ་ནེན་སི་པོ་ལོ་སི་ལགས་སུ་དགའ་བསུའི་འཚམས་འདྲི་མཛད།

ལྕམ་སྐུ་ནེན་སི་པོ་ལོ་སི་ལགས་ཀྱིས་མང་གཙོའི་བྱ་དགའ་འབུལ་བཞེས་སྐབས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དགའ་བསུའི་འཚམས་འདྲི་དང་བོད་དོན་རྒྱབ་སྐྱོར་གནང་པར་བསྟོད་བསྔགས་མཛད་འདུག

ལྕམ་ནེན་སི་པེ་ལི་སིས་དབུ་ཁྲིད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོཊ་ཆུང་༧གོང་ས་མཆོག་གི་ཕོ་བྲང་དུ་ཕེབས་སྐབས། ༢༠༡༧།༥།༩ OHHDL

ལྕམ་སྐུ་ནེན་སི་པོ་ལོ་སི་ལགས་ཀྱིས་མང་གཙོའི་བྱ་དགའ་འབུལ་བཞེས་སྐབས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དགའ་བསུའི་འཚམས་འདྲི་དང་བོད་དོན་རྒྱབ་སྐྱོར་གནང་པར་བསྟོད་བསྔགས་མཛད་འདུག
འདི་ཚེས་༨ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པོ་ལོ་སི་(Nancy Pelosi)ལགས་སུ་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་(National Democracy Institute)གི་མང་གཙོའི་བྱ་དགའ་འབུལ་
བཞེས་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་ཐུང་གསུང་འཕྲིན་ཞིག་བསྩལ་གནང་མཛད་ནས་ལྕམ་པེ་ལོ་སི་མཆོག་གིས་བོད་དོན་ཐད་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་པར་བསྟོད་བསྔགས་གནང་འདུག
༧གོང་ས་༧སྐྱབས་མགོན་མཆོག་གིས་ལྕམ་ནེན་སི་པེ་ལོ་སི་མཆོག་ནི་མཛའ་ཞིང་བརྩེ་བ་དང་ཐུགས་བློས་འགེལ་ཡུལ་ཞིག་ཡིན་པར་གསུངས་པ་དང་། ཁོང་གིས་ཡུན་རིང་བོད་ཀྱི་འཐབ་རྩོད་ཐད་ཆོད་སེམས་དང་བློ་སྤོབས་ཆེན་པོས་རྒྱབ་སྐྱོར་གནང་པར་བསྟོད་བསྔགས་ཞུས་གནང་འདུག
ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་པེ་ལོ་སི་མཆོག་བོད་དུ་འཚམས་གཟིགས་གནང་པ་དང་། བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་པར་ཐུགས་གཏིང་ནས་དགའ་བསུ་ཞུ་རྒྱུ་ཡིན་པ་བཀའ་གནང་ཡོད་ལ། ཁོང་གིས་བོད་མི་ཚོར་བློ་ཉེ་བའི་ཤ་ཚ་གནང་པ་མ་ཟད། ཁོང་ལ་བདེན་པའི་ཐོག་གཡོ་བ་མེད་པར་བཞེངས་རྒྱུའི་སྙིང་སྟོབས་ཀྱང་ཡོད་པ་བཀའ་གནང་འདུག
ལྕམ་ནེན་སི་པེ་ལོ་སི་མཆོག་ལ་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་ཕྱི་ལོ་༢༠༢༠ ལོའི་མང་གཙོའི་བྱ་དགའ་ཕུལ་བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ངོས་ནས་འཚམས་འདྲི་ཞུ་གནང་མཛད་པ་དང་སྦྲགས། ཁྱེད་ཀྱིས་ང་ཚོའི་རིག་གཞུང་ལ་རྒྱབ་སྐྱོར་གནང་པར་ངས་རྗེས་སུ་ཡིད་རངས་ཆེན་པོ་བྱེད་རྒྱུ་ཡིན་ལ། ང་ཚོ་བོད་པར་མཚོན་ན་ཁྱེད་ཀྱི་སྐུ་ཚེ་ནི་རིན་ཐང་ཆེ་ཞིང་ཧ་ཅང་གལ་གནད་ཆེ་བ་ཡིན་པས། ངས་ཁྱེད་སྐུ་ཚེ་རིང་ལ་སྐུ་ཁམས་བཟང་བའི་སྨོན་འདུན་ཞུ་ཡོད་ཅེས་བཀའ་གནང་འདུག
ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་མང་གཙོའི་བྱ་དགའ་དེ་ནི་འཛམ་གླིང་ནང་མང་གཙོ་འཕེལ་རྒྱས་དང་སྲ་བརྟན་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་འབུལ་མཁན་གྱི་མི་སྣར་གནང་སྲོལ་ཡོད་པ་ཞིག་རེད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org