༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བྱམས་བརྩེའི་སྐོར་ལ་བགྲོ་གླེང་མཛད་གཏན་འཁེལ་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཞི་བདེ་བསྟི་གནས་སློབ་གཉེར་ཁང་དང་ལྷན་དྲ་ལམ་བརྒྱུད་རྙོག་ཟིང་དང་ཏོག་དབྱིབས་ནད་ཡམས་བྱམས་བརྩེ་བཅས་དང་འབྲེལ་བའི་ཐད་བགྲོ་གླེང་མཛད་རྒྱུ་ཡིན་འདུག

༧གོང་ས་མཆོག་གིས་གཞོན་སྐྱེས་ཞི་བདེ་སྣེ་ཁྲིད་པ་དང་ལྷན་བགྲོ་གླེང་སྐབས། ༢༠༡༩།༡༠།༢༣ OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཞི་བདེ་བསྟི་གནས་སློབ་གཉེར་ཁང་དང་ལྷན་དྲ་ལམ་བརྒྱུད་རྙོག་ཟིང་དང་ཏོག་དབྱིབས་ནད་ཡམས་བྱམས་བརྩེ་བཅས་དང་འབྲེལ་བའི་ཐད་བགྲོ་གླེང་མཛད་རྒྱུ་ཡིན་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ནང་གསལ་ལྟར་ན། འདི་ཚེས་༡༢་རེས་གཟའ་ལྷག་པའི་ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ། ཨ་རིའི་ཞི་བདེ་བསྟི་གནས་སློབ་གཉེར་ཁང་གི་དབུ་འཛིན་ནེན་སི་ལིན་བྷོ་(Nancy Linborg)་ལགས་དང་། དེ་གའི་མི་རབས་འཕོ་འགྱུར་གྱི་ཉམས་ཞིབ་པ་ཁག་གཅིག་བཅས་དང་ལྷན་དྲ་ལམ་བརྒྱུད་ནས་རྙོག་ཟིང་དང་། ཏོག་དབྱིབས་ནད་ཡམས། བྱམས་བརྩེ་བཅས་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་གནང་འཆར་ཡོད་པ་དང་། ཨ་རིའི་ཞི་བདེ་བསྟི་གནས་སློབ་གཉེར་ཁང་ནས་འདས་པའི་ལོ་མང་རིང་། འཛམ་གླིང་ནང་ཟིང་འཁྲུག་ཡོད་སའི་ཡུལ་ལུང་ཁག་ནས་གཞོན་སྐྱེས་ཞི་བདེའི་སྣེ་ཁྲིད་པ་མང་དག་ཅིག་བཞུགས་སྒར་རྡ་ས་སོགས་སུ་ཁྲིད་ནས་༧གོང་ས་མཆོག་དང་ལྷན་དུ་བྱམས་བརྩེ་དང་བཟོད་སྒོམ་སོགས་ཀྱི་སྐོར་བགྲོ་གླེང་གནང་ཡོད།
ཐེངས་འདིའི་བགྲོ་གླེང་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་མི་འདྲ་བ་དུ་མའི་ཐོག་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་དང་། ངོ་དེབ་སོགས་བརྒྱུད་ནས་ཐད་ཀར་རྒྱང་སྲིང་བྱེད་རྒྱུ་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org