༧གོང་ས་མཆོག་གིས་བོད་རང་བཙན་རྩོད་ཀྱི་མེད་པ་ནན་གསུངས་གནང་འདུག
༧གོང་ས་མཆོག་གིས་བོད་རང་བཙན་རྩོད་ཀྱི་མེད་པ་ནན་གསུངས་གནང་བ་དང་ནེའུ་ཛི་ལནཊའི་སྲིད་བློན་གྱི་ཕྱག་ལས་གནང་སྟངས་ལ་བསྔགས་བརྗོད་མཛད་འདུག
-
2019-04-04 -
-
-
༧གོང་ས་མཆོག་གིས་བོད་རང་བཙན་རྩོད་ཀྱི་མེད་པ་ནན་གསུངས་གནང་བ་དང་ནེའུ་ཛི་ལནཊའི་སྲིད་བློན་གྱི་ཕྱག་ལས་གནང་སྟངས་ལ་བསྔགས་བརྗོད་མཛད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རང་བཙན་རྩོད་ལེན་གནང་གི་མེད་པའི་ནན་བརྗོད་གནང་བ་དང་ཆབས་ཅིག་ནེའུ་ཛི་ལནཊའི་(New Zealand)ནང་དཀའ་རྙོག་ཆེའི་སྐབས་སྲིད་བློན་མཆོག་གི་ཐག་གཅོད་ལ་བསྔགས་བརྗོད་གནང་ཡོད་པ་རེད།
འདི་ཚེས་༤་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཤེས་ཡོན་སློབ་ཁྲིད་གནང་མཁན་དང་སློབ་ཕྲུག་གི་ལྷན་འཛོམས་ཐོག་གསར་འགོད་པས་བོད་དང་འབྲེལ་བའི་གནད་དོན་སྐོར་བཀའ་འདྲི་གནང་བའི་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་གནང་བའི་ནང་། བོད་རང་བཙན་རྩོད་ཀྱི་མེད། རྒྱ་ནག་གི་ལྷན་དུ་ཕན་ཚུན་གཉིས་མོས་ཀྱི་བཀའ་མོལ་བྱུང་བའི་ཆ་རྐྱེན་འོག་རྒྱ་ནག་གཞུང་གིས་བོད་མིར་དཔལ་འབྱོར་ཐོག་ནས་ཁེ་ཕན་བསྐྲུན་ཐུབ་རྣམས་བླངས་ནས་རྒྱ་མི་རིགས་དང་། བོད་མི་རིགས་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་གནས་སྟངས་འོག་འདུག་འདོད་ཡོད་ཅེས་བཀའ་གནང་འདུག
དེ་དང་ཆབས་ཅིག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ནེའུ་ཛི་ལནཊའི་(New Zealand)ནང་གི་(Christchurch)ཟེར་བའི་ས་གནས་སུ་ཡོད་པའི་ཁ་ཆེའི་ལྷ་ཁང་གཉིས་ནང་མེ་མདའ་ཐོགས་པའི་མི་ཞིག་གིས་གང་བྱུང་མེ་མདས་རྒྱབ་ནས་ཁ་ཆེའི་ཆོས་བྱེད་པ་མི་གྲངས་༥༠་ཙམ་རྐྱེན་འདས་སུ་བཏང་བའི་དོན་རྐྱེན་དེའི་ཐད་ནེའུ་ཛི་ལནཊའི་སྲིད་བློན་མཆོག་གིས་འཚེ་བ་མེད་པ་དང་། བྱམས་སྙིང་རྗེ་ལྡན་པ། དེ་བཞིན་ཕན་ཚུན་བསམ་ཤེས་ངང་དཀའ་ངལ་སེལ་ཐབས་གནང་ཡོད་པ་དེ་ནི་བསྔགས་བརྗོད་ཞུ་དགོས་པ་ཞིག་རེད་ཅེས་བཀའ་གནང་འདུག