༧གོང་ས་མཆོག་གི་ཆིབས་བསྒྱུར།

ཏུམ་ཀུར་ནས་དབུ་འཛུགས་ཐོག་ད་ཆ་རྒྱ་གར་གྱི་ཨུཏ་ཏར་པྲ་དེཤ་མངའ་སྡེའི་མི་རཊ་ཁུལ་དུ་ཞབས་སོར་འཁོད་འདུག

༧གོང་ས་མཆོག་རྒྱ་གར་གྱི་ས་ཁུལ་ཁག་ཏུ་ཆིབས་བསྒྱུར་གྱི་མཛད་འཕྲིན་སྐྱོང་བཞིན་པ། ༧སྐུ་སྒེར་ཡིག་ཚང་གི་དྲ་གནས།

༄༅།    །དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་དྲུག་ནས་བཟུང་ཐོག་མར་རྒྱ་གར་ལྷོ་ཕྱོགས་ཁུལ་ཏུམ་ཀུར་གཙུག་ལག་སློབ་གྲྭ་ཆེན་མོར་ཆིབས་བསྒྱུར་གནང་བ་དང་། དེ་ནས་ཆ་ཏིས་གྷར་མངའ་སྡེའི་ནང་དུ་མཛད་འཕྲིན་ཁག་ཅིག་བསྐྱངས་གནང་བའི་རྗེས་སུ་རྒྱལ་ལྡི་ལིའི་ནང་ཨེམ་སེ་སྨན་ཁང་གི་ཡན་ལག་དབུ་འབྱེད་མཛད་སྒོ་དང་། ཆོས་ལུགས་རིས་མེད་ཀྱི་མཛད་སྒོ་ཞིག་ནང་མཉམ་ཞུགས་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཏུ་ཤི་ཏའི་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ལྡི་ལིའི་ནང་ཡོད་པའི་སྟོན་པའི་སྤྱི་གླིང་ནང་། ཆོས་འབྲེལ་བསྐྱངས་གནང་ཡོད་པ་རེད། མཛད་འཆར་སྔོན་སྒྲིག་གནང་བ་གཞིར་བཟུང་།    ཕྱི་ཚེས་༡༡ཉིན་རྒྱ་གར་གྱི་ཨུཏ་ཏར་པྲ་དེཤ་མངའ་སྡེའི་མི་རཊ་ཁུལ་དུ་ཆིབས་བསྒྱུར་བསྐྱངས་ནས་ཁུལ་དེར་ཡོད་པའི་IIMT འམ་ Indian Institute of Management Training ཞེས་པའི་སྙན་གྲགས་ཅན་གྱི་སྦྱོང་བརྡར་སློབ་གཉེར་ཁང་དེར་ཆིབས་བསྒྱུར་གྱིས་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org