༧གོང་ས་མཆོག་སོག་ཡུལ་དུ་གདན་ཞུའི་ཐད་ཆེད་རྩོམ་སྤེལ་འདུག

༧གོང་ས་མཆོག་སོག་ཡུལ་ལ་ཕེབས་པ་དེ་ཡིས་སྲོལ་རྒྱུན་དཔེ་གསར་ཞིག་གསར་གཏོད་བྱ་རྒྱུ་ཡིན་སྐོར་ཤི་རི་ལང་ཀའི་ཚཊ་པར་ཐོག་ཆེད་རྩོམ་སྤེལ་འདུག

༧གོང་ས་མཆོག་གིས་སོག་ཡུལ་དུ་དད་ལྡན་པ་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་གནང་སྐབས། ༢༠༡༦།༡༡།༢༠ OHHDL

བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་རེས་སོག་ཡུལ་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་མཛད་བཞིན་པ་དེ་ནི་མ་འོངས་བར་རྒྱལ་ཁབ་གཞན་ཚོས་ཀྱང་༧གོང་ས་མཆོག་རང་རང་སོ་སོའི་ཡུལ་གྲུའི་ནང་ཆིབས་བསྒྱུར་བསྐྱངས་འཇུག་རྒྱུའི་བློ་སྟོབས་འཕེལ་རྒྱུ་དང་དེ་ཡིས་སྲོལ་རྒྱུན་དཔེ་གསར་ཞིག་གསར་གཏོད་བྱ་རྒྱུ་ཡིན་སྐོར་དེ་རིང་Sri Lanka  Guardian་ཞེས་པའི་གསར་ཤོག་ནང་གསར་འགོད་པ་NS Venkataraman་ཡིས་ཆེད་རྩོམ་ཤོག་གྲངས་གཉིས་ཅན་ཞིག་སྤེལ་གནང་འདུག  
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་དད་ལྡན་པ་རྣམས་ཀྱིས་རྒྱུན་རིང་ནས་ཇི་ལྟར་གསོལ་འདེབས་ཞུས་བ་བཞིན་ད་རེས་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་གནང་བ་ལ། རྒྱ་ནག་གཞུང་གིས་ངོ་རྒོལ་སྐྱོན་བརྗོད་དྲག་པོ་ཞུས་པ་མ་ཟད། ༧གོང་ས་མཆོག་སོག་ཡུལ་ནང་ཕེབས་འཇུག་མི་དགོས་པའི་སྐོར་བཤད་ན་ཡང་སོག་ཡུལ་ནང་ཆིབས་བསྒྱུར་བསྐྱངས་གནང་གིས་ཆོས་ཕྱོགས་ཀྱི་མཛད་འཕྲིན་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད།
སོག་ཡུལ་གྱིས་རྒྱ་ནག་ལ་ཚོང་འབྲེལ་ཐད་ཤུགས་ཆེ་བརྟེན་དགོས་པ་དང་རྒྱ་ནག་ལ་ཁ་གཏད་གདོང་ལེན་བྱ་རྒྱུའི་དཔལ་འབྱོར་དང་དྲག་པོའི་སྟོབས་ཤུགས་མེད་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་ངོ་རྒོལ་སྐྱོན་བརྗོད་དྲག་པོ་བྱ་རྒྱུ་ཡིན་པ་ཤེས་བཞིན་དུ་སོག་པོའི་གཞུང་གིས་བློ་སྟོབས་ཆེན་པོའི་སྒོ་ནས་༧གོང་ས་མཆོག་སོག་ཡུལ་ནང་གདན་འདྲེན་ཞུས་པ་རེད།
སོག་པོའི་ཕྱི་སྲིད་བློན་ཆེན་མཆོག་གིས། ༧གོང་ས་མཆོག་གི་ཆིབས་བསྒྱུར་དང་སོག་པོའི་གཞུང་གཉིས་འབྲེལ་བ་མེད་ལུགས་གསུངས་མིན་ལ་མ་ལྟོས་པར་སོག་པོའི་གཞུང་གིས་གནད་དོན་གལ་ཆེ་ཞིག་གི་ཆེད་དུ་ད་རེས་རྒྱ་ནག་གི་བཀའ་བཀོད་ལ་བརྩི་འཇོག་མ་བྱས་པར་ཁ་གཏད་གདོང་ལེན་དངོས་སུ་གནང་བ་གསལ་པོ་ཡིན་ཞིང་། ད་རེས་སོག་པོའི་གཞུང་གིས་གནང་སྟངས་དེ་ནི་ཤི་རི་ལང་ཀ་དང་ཨ་མེ་རི་ཀའི་གཞུང་གི་གནས་སྟངས་དང་ལྡོག་ཕྱོགས་ཏག་ཏག་ཡིན་སྐོར་དང་། ཡང་ཤི་རི་ལས་ཀ་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་མིན་ལ་མ་ལྟོས་པར་ཡུལ་དེའི་ནང་པ་ཚོས་༧གོང་ས་མཆོག་རང་ཡུལ་ནང་གདན་འདྲེན་ཞུ་རྒྱུའི་གོ་སྐབས་ཕུལ་མེད་སྟབས་དེ་ནི་ཤི་རི་ལང་ཀའི་གཞུང་གིས་རྒྱ་ནག་ལ་ཞེད་ནས་རྩ་དོན་དང་འགལ་བའི་ལངས་ཕྱོགས་འཛིན་སྐོར་དང་། ད་དུང་སོག་པོའི་དགེ་འདུན་པ་བརྒྱ་ཕྲག་སྟོང་ཕྲག་མང་པོས་གྲངས་ངར་ཆེ་བའི་གནམ་གཤིས་ལ་འཛེམས་ཟོན་མ་གནང་བར་ཆུ་ཚོད་མང་པོ་རིང་༧གོང་ས་མཆོག་གསུང་ཆོས་མཇལ་བར་ངང་སྒུག་ཞུས་པ་དེས་༧གོང་ས་མཆོག་ལ་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་པ་ཚོའི་མངོན་འདོད་མཚོན་གྱི་ཡོད་སྟབས་དེ་ཡིས་བོད་ནང་གི་བོད་མི་རྣམས་དང་རང་དབང་ལ་དགའ་བའི་འཛམ་གླིང་མི་མང་རྣམས་ལ་ཡིད་ཆེས་་ཆེ་བ་བསྐྲུན་རྒྱུ་ཡིན་པས་བོད་མི་རྣམས་ཀྱིས་ཀྱང་བོད་ཀྱི་རང་བཙན་གྱི་འཐབ་རྩོད་ངར་ཤུགས་ལྡབ་འགྱུར་མང་པོ་ཆེ་རུ་གཏོང་དགོས་སྐོར་གོང་ཞུས་ཆེད་རྩོམ་ནང་བཀོད་གནང་འདུག།    

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org