རྣམ་དཔྱོད་ཡག་པོ་ཡོད་པའི་ཐོག་སེམས་པ་བཟང་པོ་བྱེད་གལ་ཆེ། ༧གོང་ས་མཆོག་གིས།

རྣམ་དཔྱོད་དང་རིག་རྩལ་ཡག་པོ་ཡོད་པའི་ཐོག་སེམས་བཟང་པོ་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་པ་༧གོང་ས་མཆོག་གིས་ཨ་རིའི་ན་གཞོན་ཞིག་གི་དྲི་བར་བཀའ་སྩལ་འདུག

༧གོང་ས་མཆོག་གི་མཇལ་བཅར་སྐབས། ༢༠༡༩།༦།༡༠ OHHDL

རྣམ་དཔྱོད་དང་རིག་རྩལ་ཡག་པོ་ཡོད་པའི་ཐོག་སེམས་བཟང་པོ་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་པ་༧གོང་ས་མཆོག་གིས་ཨ་རིའི་ན་གཞོན་ཞིག་གི་དྲི་བར་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཟླ་བ་འདིའི་སྤྱི་ཚེས་༡༠ཉིན་བཞུགས་སྒར་རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་དུ། མི་སྣ་ཁག་ཅིག་དང་མཇལ་མོལ་གནང་བའི་སྐབས། ཨ་མི་རི་ཀ་ནས་ཡིན་པའི་ན་གཞོན་ལོ་ཆུང་ཞིག་གིས་༧མགོན་པོ་གང་ཉིད་མཆོག་ལ་ཨ་རིའི་ནང་ཡོད་པའི་ཕྲུ་གུ་ཚོར་བཀའ་སློབ་ལམ་སྟོན་ཞིག་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར། ༧གོང་ས་མཆོག་གིས། མིའི་རྣམ་དཔྱོད་དང་། སྤྱོད་བཟང་གཉིས་ཟུང་དུ་འབྲེལ་ནས་འགྲོ་དགོས་པ་ལས་རྣམ་དཔྱོད་གཅིག་པུ་ཡག་པོ་ཡོད་པ་ཙམ་གྱིས་ཁྱེད་རང་མི་ཚེ་སྐྱིད་པོ་ཞིག་ཡོང་བའི་གཏན་འཁེལ་མེད། སྐབས་རེར་རྣམ་དཔྱོད་དང་རིག་རྩལ་ལྡན་པའི་གང་ཟག་དང་ཤེས་ཡོན་ལྡན་པའི་མི་སྣའི་ཁྲོད་སྤྱི་ཚོགས་ནང་ལ་དཀའ་རྙོག་བཟོ་མཁན་མང་པོ་ཡོང་བཞིན་པ་རེད། དེར་བརྟེན་རྣམ་དཔྱོད་དང་རིག་རྩལ་ཡག་པོ་ཡོད་པའི་ཐོག་སེམས་བཟང་པོ་བྱས་པ་ཡིན་ན་དགེ་མཚན་ཤིན་ཏུ་ཆེན་པོ་ཡོད་པ་མ་ཟད། མིའི་རྣམ་དཔྱོད་དེ་ཡང་བཟང་པོའི་ཁྱད་ཆོས་ལྡན་པ་ཞིག་ཏུ་འགྱུར་ངེས་རེད། དེར་བརྟེན་རྣམ་དཔྱོད་དང་སྤྱོད་བཟང་གཉིས་ཟུང་འབྲེལ་བྱ་རྒྱུ་ནི་གལ་གནད་ཆེན་པོ་རེད་ཅེས་བཀའ་སློབ་བསྩལ་འདུག་ཅིང་། ༧མགོན་པོ་གང་ཉིད་མཆོག་ནས་མིའི་རྣམ་དཔྱོད་དང་སྤྱོད་བཟང་གཉིས་ཟུང་འབྲེལ་ཇི་ལྟར་བྱེད་དགོས་པའི་སྐོར་ནཱ་ལེན་དྲའི་མཁས་པ་དག་གི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་དེ་བཞིན་དཔེ་ལ་སྦྱར་ཏེ་བཀའ་སློབ་ལམ་སྟོན་སྩལ་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org