ཟླ་གཡང་གིས་བོད་དོན་སྐད་འབོད།

ཟླ་གཡང་ལགས་ཀྱིས་བོད་ནི་རང་དབང་རང་བཙན་ཡིན་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཞེས་སྐད་འབོད་བྱས་སྐབས་འཛིན་བཟུང་གིས་ཁྲིམས་ཐག་བཅད་ཡོད་འདུག

ཟླ་གཡང་གིས་སྐད་འབོད་དང་ཁྲིམས་ཆད། པར།་RFA

ཟླ་གཡང་ལགས་ཀྱིས་བོད་ནི་རང་དབང་རང་བཙན་ཡིན་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཞེས་སྐད་འབོད་བྱས་སྐབས་འཛིན་བཟུང་གིས་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་གནས་ཚུལ་ལྟར་ན། ཉེ་བའི་ཟླ་༩ བའི་ཚེས་༣ ཉིན་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཁོངས་སུ། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་ཁུངས་ནས་གོ་སྒྲིག་འོག་དམངས་ཁྲོད་དུ་ཆབ་སྲིད་དྲིལ་བསྒྲགས་སྤེལ་མཁན་གྱི་ཚོགས་ཆུང་དང་། ཟློས་གར་འཁྲབ་སྟོན་པ་ཁག་གཅིག་འབྱོར་ནས་ཟློས་གར་འཁྲབ་སྟོན་བྱས་པའི་སྐབས། ནག་ཆུ་འབྲི་རུ་རྫོང་ཚ་ཆུ་ཤང་གདོང་ལ་རུ་མདོའི་གྲོང་ཚོའི་གྲོང་མི་ཟླ་གཡང་ལགས་ཀྱིས་ལག་ལ་ཁ་བཏགས་ཁྱེར་ཏེ་བོད་ནི་རང་དབང་རང་བཙན་ཡིན། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག རྒྱ་མི་བོད་ནས་འགྲོ་དགོས་བཅས་སྐད་འབོད་བྱས་སྐབས། རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཅང་མ་འགོར་བར་ ཉེ་ཆར་རྒྱ་གཞུང་གིས་ལོ་གཉིས་དང་ཟླ་བ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་།

ཟླ་བ་༡༠ ཚེས་༧ ཉིན་གློ་བུར་ལྷ་སའི་སྨན་ཁང་དུ་ཉེན་རྟོག་པའི་ལྟ་སྲུང་འོག་ལ་འབྱོར་ནས་། སྨན་བཅོས་བྱེད་བཞིན་པ་ཡིན། ཟླ་གཡང་ལགས་ནི་དགུང་ལོ་༦༨ཡིན་པ་རེད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org