ཝ་ཤིང་ཀྲོན་དུ་སྐུའི་འཁྲུངས་སྐར་ལ་སྲུང་བརྩི།

ཨ་རིའི་རྒྱལ་སའི་ཁུལ་གྱི་བོད་མིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་པ།

ཨ་མེ་རི་ཀའི་རྒྱལ་སའི་ཁུལ་གྱི་བོད་མི་རྣམས་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་པ། ཡེ་ཤེས་བཀྲ་ཤིས།

༄༅༎ཨ་མེ་རི་ཀའི་རྒྱལ་སའི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་དགུང་གྲངས་༧༨ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་གནང་འདུག
འདི་ལོའི་འཁྲུངས་སྐོར་རེས་གཟའ་སྤེན་པར་འཁེལ་བ་ལྟར་འདི་ག་ཨ་རིའི་རྒྱལ་སའི་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པས་༸གོང་ས་མཆོག་གི་འཁྲུངས་སྐར་ལ་སྲུང་བརྩིའི་འདུ་འཛོམས་ཐོག་ཐོག་མར་མི་མང་གིས་རྒྱལ་བའི་ཞབས་བརྟན་འདོན་བཞིན་༸གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་ཕྱག་འབུལ་དང་མཇལ་དར་ཕུལ་བ་དང་སྦྲགས་རྟེན་འབྱུང་གསོལ་ཇ་དང་ཞལ་འབྲས་འདེགས་འབུལ་གྱིས་མཛད་སྒོ་དབུ་འཛུགས་གནང་འདུག  དེ་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བོད་ཕྱི་ནང་གཉིས་སུ་བོད་བསྟན་སྲིད་ཀྱིད་ཆེད་དུ་སྐུ་ལུས་འདོར་བ་རྣམས་ཀྱི་ཆེད་སྐར་མ་གཅིག་རིང་མྱ་ངན་གུས་བཏུད་གྲུབ་རྗེས་སྐུ་མགྲོན་གཙོ་བོ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་རིན་པོ་ཆེས་གསུང་བཤད་གནང་འདུག   སྐུ་མགྲོན་གཙོ་བོས་༸གོང་ས་མཆོག་གི་མཛད་འཕྲིན་འཛམ་གླིང་ཁྱོན་ཡོངས་ལ་ཀུན་ཁྱབ་ལ་བསྔགས་བརྗོད་གནང་བ་དང་སྦྲགས་རང་རེ་ཚོས་ཀྱང་སྐུའི་འཁྲུངས་སྐར་སྲུང་བརྩི་དེ་སྔ་ནས་གྲ་རྒྱས་ཙམ་གནང་བ་དགེ་མཚན་ཆེ་བ་དང་ལྷག་དོན་དུ་༸སྐུའི་འཁྲུངས་སྐོར་གྱི་མཛོད་སྒོར་ཆབ་སྲིད་ཀྱི་ལྷད་མེད་པ་བརྟེན་འདུ་འཛོམས་འདི་རིགས་ལ་ཕྱིའི་གནད་ཡོད་མི་སྣ་གདན་ཞུ་གནང་བདེ་ཡོད་པས་མ་འོངས་ས་གནས་ཀྱི་བོད་རིགས་མཐུན་ཚོགས་ཁོ་ན་མ་ཡིན་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་སོགས་སྒྲིགས་འཛུགས་ཐོུང་གིས་འཁྲུངས་སྐོར་སྲུང་བརྩི་ཟབ་རྒྱས་ཞུ་དགོས་པའི་འབོད་སྐུལ་གནང་འདུག།  

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org