བོད་ནང་དྲག་པོའི་ཁྲིམས་གཞི་བསྡམས་པ་ལྟབུའི་དམ་བསྒྲགས།

རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་ཁྲིམས་གཞི་བསྡམས་པ་ལྟབུའི་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

༄༅༎རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་ཁྲིམས་གཞི་བསྡམས་པ་ལྟབུའི་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཨེ་ཤེ་ཡ་གསར་འགྱུར་ཞེས་པའི་གསར་ཤོག་ཐོག་བོད་ནང་གི་གནས་ཚུལ་རྒྱུས་མངའ་ཡོད་པའི་མི་སྣ་དང་དེ་བཞིན་ཉེ་ལམ་གསང་བའི་ཐོག་ནས་བོད་ནང་བསྐྱོད་མྱོང་མཁན་གྱི་རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་གིས་བཤད་པའི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་བཀོད་པར་གཞིགས་ན་དེ་སྔ་ཕྱི་ལོ་༡༩༥༩ལོར་རྒྱ་ནག་གཞུང་གིས་དྲག་འཐབ་ཀྱི་ལམ་ནས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པར་ངོ་རྒོལ་བྱ་ཆེད་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མིའི་ངོ་རྒོལ་སྒེར་ལངས་ཆེན་མོ་བྱུང་སྟེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་ཚིགས་དེ་རིང་མིན་སླེབས་ལ་ཉེ་བའི་སྐབས་འདིར་བོད་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དྭོགས་གཞི་ཡོད་སྟབས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོགས་ཀྱི་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད་ས་གནས་མང་པོའི་ནང་ཚོན་ཆ་ཐོགས་པའི་དམག་མིས་སྐོར་བསྐྱོད་བྱས་པ་དང་བྱེ་དོའི་མཐའ་སྐོར་བའི་འཛིང་རགས་ནང་ནས་མེ་མདའ་རྒྱག་ཆོག་ཆོག་བྱས་ནས་བསྡད་པ་སོགས་གང་ལྟར་དངོས་སུ་གསལ་བསྒྲགས་བྱས་པ་མ་གཏོགས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནང་དྲག་པོའི་ཁྲིམས་གཞི་བསྡམས་པ་ལྟ་བུའི་དམ་བསྒྲགས་དང་དྲག་གནོན་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་དེ་ལྟར་ཡང་བོད་མི་ཚོས་དུས་ཚིགས་འདིའི་སྐབས་སུ་ཞུམ་པ་མེད་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་སྲིད་པར་བརྟེན་གལ་སྲིད་དེ་འདྲ་བྱུང་བ་ཡིན་ན་བོད་ནང་ཡིད་ང་བའི་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཡོང་བཟོ་ཡོད་པའི་འགྲེལ་བརྗོད་བྱས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org