བོད་དིང་རི་ཁུལ་དུ་དམག་མི་སུམ་སྟོང་འཕར་མ་འགྲེམས་འཇོག་བྱས་པ།

ཨོ་ལིམ་ཕིག་དཔལ་འབར་གངས་རི་ཇོ་མོ་གླང་མའི་སྟེང་འཁྱེར་འཆར་ཡོད་པ་ལྟར་ སྲུང་སྐྱོབ་ཆེད་བོད་དིང་རི་ཁུལ་དུ་དམག་མི་སུམ་སྟོང་འཕར་མ་འགྲེམས་འཇོག་བྱས་འདུག

2008.04.26


༄༅༎རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་དཔལ་འབར་གངས་རི་ཇོ་མོ་གླང་མའི་སྟེང་འཁྱེར་འཆར་ཡོད་པ་ལྟར་ སྲུང་སྐྱོབ་ཆེད་དིང་རི་ཁུལ་དུ་དམག་མི་སུམ་སྟོང་འཕར་མ་འགྲེམས་འཇོག་བྱས་ཡོད་ལུགས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་

གསར་འགོད་གསལ་བསྒྲགས་སྤེལ་འདུག ཕྱོགས་མཚུངས་བལ་ཡུལ་སོ་ལོ་ཁུམ་བུའི་ས་མཚམས་སུ་དམག་མི་བརྒྱ་སྐོར་ཞིག་བཏང་ཡོད་པ་རེད་ གང་ལྟར་ཕྱི་ཟླ་༥པའི་ནང་ཁུལ་དེར་དམ་བསྒྲགས་ཤིན་ཏུ་ཆེན་པོ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་རེད་ ཡང་དེ་ལས་ལྡོག་སྟེ་རྒྱལ་ས་ལྷ་སའི་ནང་རྒྱ་རིགས་ཉིས་ཁྲི་སྐོར་པོ་ཏཱ་ལའི་མདུན་ཐང་དུ་འཛོམས་ནས་ཨོ་ལིམ་ཕིག་དཔལ་འབར་ལ་དགའ་བསུ་དང་སྦྲགས་

ངོ་རྒོལ་རིགས་ལ་གདོང་ལེན་བྱེད་མཁན་ཡིན་པ་རེད་ དེང་རྒྱལ་ས་ལྷ་སས་གཙོས་བོད་ཆོལ་ཁ་གསུམ་གྱི་ནང་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཀྱི་

སློབ་གསོ་སྤེལ་མུས་མ་ཟད་ དམ་བསྒྲགས་ཤིན་ཏུ་ཆེན་པོ་བྱེད་བཞིན་པ་རེད་ རྒྱལ་ས་ལྷ་སའི་ཁུལ་དུ་རྒྱ་མིའི་ཉེན་རྟོག་པ་འདེང་ངེས་མེད་པའི་

དཀའ་ངལ་སེལ་ཆེད་དཀར་མཛེས་ཁུལ་ནས་ཉེན་རྟོག་པ་གཏོང་གི་ཡོད་པ་རེད་ ཕྱི་ཟླ་ལྔ་པ་ཤར་སྐབས་ཐེམ་ཐོ་མེད་པའི་གྲ་བཙུན་དང་

སློབ་ཕྲུག་སོགས་བོད་རིགས་རྣམས་ཕྱིར་འབུད་གཏོང་འཆར་ཡོདཔ་རེད་ གང་ལྟར་བོད་ཀྱི་རྒྱ་ཁྱབ་ཏུ་རྒྱལ་གཅེས་ཀྱི་སློབ་གསོའི་བཙན་གནོན་དང་

གང་བྱུང་འཛིན་བཟུང་སོགས་གདུག་རྩུབ་མནར་གཅོད་གཏོང་བཞིན་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎