གནས་དབྱུང་བཏང་བའི་ཀར་གི་སི་ཐན་སྲིད་འཛིན་སྐོར།

ཀར་གི་སི་ཐན་གྱི་སྲིད་འཛིན་ནས་ཁོང་རང་ཉིད་ལ་རྒྱབ་བསྐྱོར་གནང་མཁན་མི་མང་འདུ་བསྐོངས་དང་འབྲེལ་གཏམ་བཤད།

2010.04.12

༄༅༎སྲིད་འཛིན་གྱི་གོ་གནས་ནས་གནས་དབྱུང་བཏང་བའི་ཀར་གི་སི་ཐན་གྱི་སྲིད་འཛིན་ཀུར་མན་སྦེཀ་སྦ་ཀི་ཡེལྦ་ཡིས་ཁོང་རང་ཉིད་ལ་རྒྱབ་བསྐྱོར་གནང་མཁན་མི་མང་འདུ་བསྐོངས་དང་འབྲེལ་གཏམ་བཤད་གནང་ཡོད་པ་རེད་ ཁོང་གིས་རང་ཉིད་འཁྲུངས་ཡུལ་ཀྲེ་ཡིཏ་ཞེས་པའི་གྲོང་ཚོ་དེར་མི་མང་བསྡུ་བསྐོངས་དང་འབྲེལ་ཡུལ་གྱི་འཕྲལ་སེལ་གྱི་གཞུང་དེས་ཇག་ཚོགས་བཞིན་བྱ་སྤྱོད་སྤེལ་བའི་སྐྱོན་བརྗོད་གནང་ཡོད་པ་རེད་ ཁོང་གིས་ཁོང་འཛིན་བཟུང་བྱེད་རྒྱུའི་ཐབས་བྱུས་དེར་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་འབྱུང་རྒྱུ་ཡིན་སྐོར་གསུང་ཡོད་པ་རེད་            ཁོང་གི་གོང་ཞུས་བཀའ་མོལ་དེ་ཡུལ་དེའི་གཞུང་གི་འགོ་འཁྲིད་གཞོན་པས་ཁོང་གི་ཆེད་དམིགས་བསལ་གྱི་ལས་འཆར་ཞིག་སྤེལ་བཞིན་པའི་སྐོར་བཀའ་མོལ་གསུང་རྗེས་གསུང་པ་ཞིག་ཡིན་པ་རེད་ ཀར་གི་སི་ཐན་གྱི་འགོ་འཁྲིད་གཞོན་པ་སྐུ་ཞབས་ཨེལ་མཛ་ཨ་ཏམ་སྦ་ཡེལྦ་ཡིས་སྲིད་འཛིན་སྦ་ཀི་ཡེལྦ་ཡུལ་གྱི་ལྷོ་ཕྱོགས་ས་ཁུལ་ཞིག་ལ་མི་མང་སྲུང་སྐྱོབ་ཏུ་བེད་སྤྱོད་བྱས་ནས་ཡིབ་སྡོད་བྱེད་བཞིན་ཡོད་སྐོར་གསུངས་འདུག             ཁོང་གིས་གོང་ཞུས་ཀྱི་ལས་འཆར་དེས་ཞི་བའི་མི་མང་ལ་སྲོག་སྐྱོན་མི་ཡོང་བའི་རེ་བ་ཡོད་སྐོར་གསུངས་འདུག             ཡུལ་གྱི་འཕྲལ་སེལ་གཞུང་གིས་སྦ་ཀི་ཡེལྦ་སྲིད་འཛིན་གྱི་ལས་གནས་ནས་དགོངས་ཞུ་དང་དེ་མིན་འཛིན་བཟུང་དོ་དམ་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད་ བདུན་སྔོན་མ་དེར་ཡུལ་དེའི་རྒྱལ་ས་སྦི་ཤི་ཀེཀ་ནང་མི་མང་གིས་ངོ་རྒོལ་ཐོག་སྲིད་འཛིན་སྦ་ཀི་ཡེལྦ་ལས་གནས་ནས་ཕྱིར་འབུད་བྱས་ཡོད་པ་དང་སྐབས་དེར་ངོ་རྒོལ་བྱེད་མཁན་མི་གྲངས་༧༨ལ་སྲོག་སྐྱོན་དང་མི་གྲངས་༡༦༠༠ཞིག་ལ་རྨས་སྐྱོན་ཕོག་ཡོད་རེད་        དལྟའི་འཆར་ཡུལ་གྱི་འཕྲལ་སེལ་གཞུང་དེ་ཕྱི་སྲིད་བློན་ཆེན་ཟུར་པ་རོ་ཛ་ཨོ་ཏུན་སྦ་ཡེལྦ་ཡིས་ཡུལ་གྱི་དྲག་པོའི་དཔུང་དམག་དང་བསྐོར་སྲུང་བའི་སྡེ་ཁག་བཏང་འཛིན་བྱེད་བཞིན་ཡོད་པ་དང་གཞུང་དེས་ར་ཤི་ཡ་ནས་དཔལ་འབྱོར་གྱི་རོགས་རམ་ཞུ་བསྐུལ་ཆེད་སྐུ་ཚབ་འཐུས་མི་ཁག་ཅིག་ཆེད་གཏོང་གནང་ཡོད་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎