ཊུ་ཊུ་མཆོག་ལ་གཟེངས་རྟགས།
ལྷོ་ཨ་ཕེ་རི་ཀའི་ཆོས་དཔོན་Desmond Tutu མཆོག་ལ་༢༠༡༣ ལོའི་Templeton བྱ་དགའ་འབུལ་གཏན་འཁེལ་འདུག
-
2013-04-05 -
-
-
༄༅། །སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཉེ་ཆེ་བ་དང་རྒྱལ་སྤྱིའི་མཚན་སྙན་ཆེ་བའི་Nobel ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕེ་རི་ཀའི་ཆོས་དཔོན་Desmond Tutu མཆོག་ལ་༢༠༡༣ ལོའི་མཚན་སྙན་ཆེ་བའི་Templeton བྱ་དགའ་འབུལ་ལམ་ཞུ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
Templeton གཟེངས་རྟགས་དེ་ནི་ཨ་རི་བ་འབྱོར་ལྡན་ཅན་སྐུ་ཞབས་John Templeton གྱིས་བཙུགས་ཏེ་ཁོང་གི་མཚན་ཐོག་པའི་བྱ་དགའ་ཞིག་ཡིན་པ་དང༌། བྱ་དགའ་དེར་ཨ་རིའི་ཊོ་ལར་ས་ཡ་གཅིག་དང་འབུམ་བདུན་ཡོད་ཅིང༌། Templeton ཐེབས་རྩ་ཁང་ནས། འཛམ་གླིང་ནང་འགྲོ་བ་མི་ལ་ཕན་ཐོགས་པའི་ཁྱད་དུ་འཕགས་པའི་ཕྱག་ལས་གནང་བའི་བྱས་རྗེས་ལ་ངོས་འཛིན་གྱིས་ལོ་ལྟར་བྱ་དགའ་གནང་སྲོལ་ཡོད་པ་ལྟར། ན་ནིང་༢༠༡༢ ལོའི་Templeton གཟེངས་རྟགས་དེ་བཞིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་ལ་འབུལ་ལམ་ཞུས་ཡོད་པ་དང༌། འདི་ལོའི་བྱ་དགའ་འབུལ་ཡུལ་ལྷོ་ཨ་ཕེ་ར་ཀའི་ཆོས་དཔོན་Desmond Tutu མཆོག་ཡིན་པ་རེད།།