སྟོད་མངའ་རི་ཁུལ་བོད་རིགས་བུད་མེད་ཅིག་བཀག་ཉར་བྱས་པ།

སྟོད་མངའ་རི་ཁུལ་བོད་རིཌ་བུད་མེད་ཅིག་གིས་༸གོང་ས་མཆོག་གི་སྐུ་དཔར་རྩིས་སྤྲོད་མ་གནང་བའི་རྒྱུ་མཚན་གྱིས་བཙན་འཁྲིད་བཀག་ཉར་བྱས་པ།

2009.03.02

༄༅༎བོད་ཀྱི་སྟོད་མངའ་རི་ས་ཁུལ་གྱི་གྲོང་ཁྱེར་གཙོ་བོ་སེང་གེ་ཁ་བབ་དུ་བོད་རིགས་བུད་མེད་ཅིག་གིས་༸གོང་ས་མཆོག་གི་སྐུ་དཔར་རྩིས་སྤྲོད་མ་གནང་བའི་རྒྱུ་མཚན་གྱིས་བཙན་འཁྲིད་བཀག་ཉར་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ཀྱི་སྟོད་མངའ་རི་ས་ཁུལ་ནས་གནས་ཚུལ་འབྱོར་དོན་ལྟར་བྱས་པ་ཡིན་ན་ཕྱི་ཟླ་གསུམ་པའི་ཚེས་གཉིས་ཀྱི་དགོང་མོར་ས་ཁུལ་གྱི་རྒྱ་ནག་ཉེན་རྟོག་དམག་མིས་ས་ཁུལ་དུ་ཡོད་པའི་བོད་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་པ་ཡིན་པའི་ཁྲོད་ནས་བོད་ཀྱི་ཁམས་འཇོ་མདའ་རྫོང་གི་པོ་ལུ་ས་གནས་ནས་ཡིན་པའི་རང་ལོ་སུམ་ཅུ་ཙམ་ཡིན་པའི་བུད་མེད་བསོད་ནམས་སྒྲོལ་མ་ཞུས་པ་ཞིག་གིས་རང་གི་སྲོག་ལ་ཐུག་ཀྱང་༸གོང་ས་མཆོག་གི་སྐུ་དཔར་རྩིས་སྤྲོད་བྱེད་ཀྱི་མིན་པའི་ཆོད་སེམས་བརྟན་པོ་ཡིན་པའི་སྐོར་གསུངས་ནས་ངོས་ལེན་གནང་མི་འདུག སྐབས་དེ་དུས་ཉེན་རྟོག་དམག་མིས་བོད་རིགས་བུད་མེད་བསོད་ནམས་སྒྲོལ་མ་ལ་ཉེས་རྡུང་ཚབས་ཆེ་བཏང་ནས་སྐུ་དཔར་བཙན་འཕྲོག་བྱས་ཡོད་འདུག བོདོ་རིགས་བུད་མེད་བསོད་ནམས་སྒྲོལ་མ་བློ་ཕམ་པ་ཆེན་པོ་བྱུང་ནས་ས་གནས་སུ་ཡོད་པའི་ཉེན་རྟོག་དམག་མི་སྣུམ་འཁོར་གཅིག་གི་མདུན་གྱི་ཤེལ་སྒོ་ཆ་ཚང་བཅག་གཏོར་བཏང་བའི་གནས་ཚུལ་བྱུང་འདུག གནད་དོན་དེའི་སྐོར་འདི་ག་རླུང་འཕྲིན་ཁང་ནས་ས་གནས་ཀྱི་ཉེན་རྟོག་ལས་ཁང་དུ་ཁུང་བདེན་ཡིན་མིན་ཞིབ་འཇུག་བྱས་པའི་སྐབས་ས་གནས་ཀྱི་ཉེན་རྟོག་དམག་མི་ཞིག་གིས་གནས་ཚུལ་བྱུང་ཡོད་པ་མ་ཟད་བོད་རིགས་བུད་མེད་བསོད་ནམས་སྒྲོལ་མ་ས་གནས་ཀྱི་བཀག་ཉར་ཁང་ཞིག་གིས་ནང་དུ་བཀག་ཉར་བྱས་ཡོད་པ་དང་ཐག་ཆོད་གང་འདྲ་བྱེད་ཀྱི་ཡོད་མེད་ཁོ་པས་ཤེས་ཀྱི་མེད་པའི་གནས་ཚུལ་འགྲེལ་བརྗོད་བྱས་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎